དེ་རིང་ནི2025ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མགོ་ཆག་གི་རྩ་དྲག་ཅིང་གྲིམས་ལ་མགྱོགས་པར་འཕར་བའི་རྒྱུ་མཚན་ཅི་ཡིན།

2025-12-26 11:03:39   |   68

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ལག་ལེན་གསལ་བྱེད་ལས། མགོ་ཆག་པའི་ཤ་རུས་ཀླད་པ་རྣམ་པ་གསུམ་པོ་གང་ལ་སྐྱོན་ཡོད་ཀྱང་ཚོན་ཀན་ཆག་གི་རྩ་རིམ་པ་བཞིན་དུ་ཤ་ལ་སྐྱོན་ཡོད་ན་གློ་སྙིང་རྒྱུ་ལོང་ལ་ཚད་པ་ལྷུང་བས་ཚོན་རྩ་དྲག་ཅིང་། རུས་པ་ལ་སྐྱོན་ཡོད་ན་མཆིན་མཚེར་ཕོ་མཁྲིས་ལ་ཚད་པ་ལྷུང་བས་ཀན་རྩ་གྲིམས་ལ། ཀླད་པ་ལ་སྐྱོན་ཡོད་ན་མཁལ་མའམ་བསམ་བསེའུའི་ཟུངས་རྟེན་ཉམས་པས་ཆག་རྩ་མགྱོགས་པའོ། དེའི་རྒྱུ་མཚན་ནི། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས།། བླ་རྩ་སྙིང་རྩ་སྤྱི་བོར་འཕྲད།། ཚངས་པ་དུང་གི་འཁོར་ལོ་འོ།།ཞེས་དང་། རྩ་གྲོགས་ཕལ་ཆེར་སྤྱི་གཙུག་ནས།། ཆེ་བ་རྩ་བོ་ཆེ་དག་སྟེ།། ཤ་རུས་བར་དག་མཆིན་རྩར་གནས།། དོན་སྣོད་གྲིམས་པ་རྩར་རྒྱུ་འོ།། སྤྱི་བོ་ཀླད་པའི་ཁ་ནས་ཕྱིར།། སོང་བ་མཁལ་མའི་རྩ་དག་གོ།། ཞེས་གསུངས་པ་བཞིན་ནོ།


སྐབས་སྔོན་མ། ཀླད་ཁྲག་འཁར་འགགས་ཀྱི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།