དེ་རིང་ནི2025ལོའི་ཟླ12པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བད་ཀན་གྱི་སློང་རྐྱེན་ཅི་ཡིན།

2025-12-29 10:17:58   |   33

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བད་ཀན་གྱི་སློང་རྐྱེན་ནི། སློང་རྐྱེན་ཁ་མངར་ལྕི་བསིལ་སྣུམ་བསྟེན་དྲགས། འགྲངས་རྗེས་དལ་བར་འདུག་དང་ཉིན་གཉིད་ལོག རླན་སྟེང་ཉལ་དང་ཆུར་ཞུགས་གོས་སྲབ་འཁྱགས། གྲོ་སྲན་གསར་ཐོག་སེར་ཅན་སུངས་པ་དང་། ར་སྐོམ་ཤ་རིལ་ཚིལ་བུ་འབྲུ་མར་དང་། རྩི་མར་རུལ་པ་ལོ་ཤུར་ལ་ཕུག་རད། རི་སྒོག་ལ་སོགས་རྗེན་ཟས་མཐའ་དག་དང་། མ་འཚོས་འཚིག་དང་ཁེངས་པོའི་ཟས་རྣམས་དང་། བ་རའི་འོ་མ་ཞོ་དར་ཆུ་གྲང་ཇ། བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པའམ། སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡི། རྐྱེན་དེ་རྣམས་ཀྱིས་བད་ཀན་གྲང་ནད་སློང་། ཞེས་སོ།


མཉམ་སྤྱོད།