དེ་རིང་ནི2026ལོའི་ཟླ01པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཕྲུལ་རྫི་རྐང་བཞི་པར་ཤེས་རབ་ཀྱི་སྤྱན་སྤྲད་པ།

2026-01-12 10:20:01   |   29

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ཉེ་ཆར། ཀྲུང་གོ་ཞིང་ལས་ཚན་རིག་གླིང་ཞིང་ལས་ཆ་འཕྲིན་ཞིབ་འཇུག་སུའོ་ཡི་ཚན་རིག་གཞི་གྲངས་ཞིབ་འཇུག་ཁང་གིས་རབས་གསར་པའི་ཆ་འཕྲིན་ལག་རྩལ་སྤྱད་དེ་བཤའ་ཟོག་གི་བྱ་སྤྱོད་དབྱེ་འབྱེད་བྱེད་པའི་ཡང་བའི་དཔེ་དབྱིབསMASM-YOLOབདེ་བླག་ངང་ཞིབ་འཇུག་གསར་བཟོ་བྱས་ཏེ། བཤའ་ཟོག་གི་དཔེ་མཚོན་བྱ་སྤྱོད་རིགས་དྲུག་མགྱོགས་པོར་གནད་འཁེལ་དབྱེ་འབྱེད་མངོན་འགྱུར་བྱུང་ནས། ཕྱུགས་ཁྱུའི་གསོ་ཚགས་བདག་སྐྱོང་གི་ལས་ཆོད་ནུས་ལྡན་ངང་ཇེ་མཐོར་བཏང་།

图片1.png

MASM-YOLOདཔེ་དབྱིབས་བེད་སྤྱོད་རྣམ་པ། པར་རིས་ནི་ཀྲུང་གོ་ཞིང་ལས་ཚན་རིག་གླིང་གིས་མཁོ་འདོན་བྱས།

ཞིབ་འཇུག་ཚོགས་པས་རང་བྱུང་རྩྭ་ཐང་དུ་རང་མོས་ཕྱུགས་འཚོའི་རྣམ་པར་ཕྱོགས་ནས། འཕྲུལ་རྫི་རྐང་བཞི་པ་ཞིབ་འཇུག་གསར་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད། འོད་འཕྲོའི་འགྱུར་ལྡོག་མང་བ་དང་རྒྱབ་ལྗོངས་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་བ། ཕྱུགས་ཁྱུས་སྒྲིབ་པ། འགུལ་སྐྱོད་རབ་རིབ་སོགས་འགག་རྩའི་གནད་དོན་ལ་དམིགས་ཏེ། ཚད་གཞི་མང་བའི་ཁྱད་ཆོས་ལེན་པ་དང་། རང་འཚམ་རྟོག་འཇལ་བྱེད་པ། ཡང་བའི་རྐང་འཛིན་དྲ་རྒྱ་སོགས་ལག་རྩལ་མཉམ་འདྲེས་ཀྱི་སློབ་སྦྱོང་གཏིང་ཟབ་དཔེ་དབྱིབསMASM-YOLOགསར་དུ་བཏོན།

དཔེ་དབྱིབས་དེས་འགྲེང་བ་དང་ཉལ་བ། རྩྭ་ཟ་བ། ཆུ་འཐུང་བ། ལྡག་པ། འཇིབ་པ་སོགས་བཤའ་ཟོག་གི་དཔེ་མཚོན་བྱ་སྤྱོད་འཕྲལ་མར་དབྱེ་འབྱེད་བྱེད་ཐུབ་པར་མ་ཟད། དབྱེ་འབྱེད་ཞིབ་ཚད་དང་རྩིས་རྒྱག་ལས་ཆོད་དབར་མཐུན་སྦྱོར་ལེགས་ཤོས་བྱུང་སྟེ། རིམས་ནད་ལ་བརྟག་དཔྱད་དང་སྦྱིག་པ་ལ་རྟོག་འཇལ། བེའུ་བཙའ་བའི་སྔོན་བརྡ། བདེ་ཐང་དཔྱད་དཔོག་སོགས་ཕྱུགས་ཁྱུའི་གསོ་ཚགས་བདག་སྐྱོང་གི་ལས་ཆོད་ནུས་ལྡན་ངང་ཇེ་མཐོར་བཏང་ཡོད། ལག་རྩལ་ཐོད་རྒལ་བྱུང་བ་དེས་འཕྲུལ་མི་རྐང་བཞི་པར"ཤེས་རབ་ཀྱི་སྤྱན"སྤྲད་པར་མ་ཟད། འཕྲུལ་རྫི་ཁྱོན་ཡོངས་ནས་གསར་བཟོ་བྱ་རྒྱུར་འགག་རྩའི་ལག་རྩལ་གྱི་འདེགས་སྐྱོར་ཡང་མཁོ་འདོན་བྱས་ཡོད།

ཞིབ་འཇུག་འདིར་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི་དང་། ཀྲུང་གོ་ཞིང་ལས་ཚན་རིག་གླིང་གི་ཞིང་ལས་ཚན་རིག་འཇོན་མི་སྣེ་ཁྲིད་པ་སོགས་རྣམ་གྲངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད།


སྐབས་སྔོན་མ། རྨི་ལམ་འཁྲུག་པ་ནི་ཅི་ཡིན།
སྐབས་རྗེས་མ། མེད།
མཉམ་སྤྱོད།