དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆམ་པའི་སྨན་དང་ཚ་བ་གཅོག་པའི་སྨན་མང་བོ་མཉམ་དུ་འཐུངས་ན་དྲག་སྐྱེད་འབྱུང་བ་མགྱོགས་སམ།

2026-03-11 16:47:38   |   116

རྩོམ་སྒྲིག   དོན་འགྲུབ་མཚོ།     ཡོང་ཁུངས།   མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།     བཤེར་འབེབས།    རིན་ཆེན་ཚེ་རིང་།


题图_proc.jpg 

སྤྱིར་བཏང་གི་ཆམ་རིམས་ནི་རང་སོས་རང་བཞིན་གྱི་ནད་རིགས་ཤིག་ཡིན་པས། སྨན་མ་འཐུངས་ནའང་མི་མང་ཆེ་བ་གཟའ་འཁོར་གཅིག་ཡས་མས་སུ་རང་འགུལ་ངང་དྲག་སྐྱེད་འབྱུང་ཐུབ། ཆམ་པའི་སྨན་འཐུང་བའི་དམིགས་ཡུལ་གཙོ་བོ་ཚ་རྒྱས་པ་དང་མགོ་ན་བ། སྣ་འཚུབ་པ་སོགས་མི་བདེ་བའི་ནད་རྟགས་ཞི་ལྷོད་དུ་བཏང་སྟེ། མི་རྣམས་སྔར་ལས་བདེ་མོའི་སྒོ་ནས་ནད་ཀྱི་བརྒྱུད་རིམ་བརྒལ་ཐུབ་པ་ཙམ་ལས་མྱུར་དུ་དྲག་རྒྱུ་དེ་མིན། 

  ཆམ་པའི་སྨན་དང་ཚ་བ་གཅོག་པའི་སྨན་མང་བོ་མཉམ་དུ་འཐུངས་ན་ནད་གཞི་དྲག་སྐྱེད་འབྱུང་བ་ཇེ་མགྱོགས་སུ་འགྲོ་མི་སྲིད་པར། དེ་ལས་ལྡོག་སྟེ་སྨན་མང་བོ་བསྟེན་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། ཆམ་པའི་སྨན་དང་ཚ་བ་གཅོག་པའི་སྨན་མང་བོའི་གྲུབ་ཆ་གཙོ་བོར་ཞན་ཨན་ཅི་ཧྥུན་ཁ་པ་འདུས་ཡོད། གལ་ཏེ་མཉམ་དུ་འཐུངས་ན། ཤེས་མེད་ཚོར་མེད་ངང་ཚད་ལས་བརྒལ་ཏེ། མཆིན་པར་གནོད་སྐྱོན་ཐེབས་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། ཚང་མས་སྨན་རྫས་འདེམ་སྐབས། རང་ཉིད་ཀྱི་ནད་རྟགས་ལ་གཞིགས་ནས་གྲུབ་ཆ་འོས་འཚམ་གྱི་སྨན་རྫས་གདམ་ཆོག སྨན་རྫས་ཕན་ཚུན་བར་གྲུབ་ཆ་བསྐྱར་ཟློས་མི་ཡོང་བ་བྱ་དགོས། དེ་མིན། གལ་ཏེ་ཆམ་རིམས་ཡིན་ཚེ། སྨན་པའི་མཛུབ་སྟོན་འོག་ཆམ་རིམས་ནད་དུག་འགོག་པའི་སྨན་རྫས་བཀོལ་ན་ད་གཟོད་ནད་ཀྱི་བརྒྱུད་རིམ་དངོས་གནས་ཇེ་ཐུང་དུ་གཏོང་ཐུབ།  


མཉམ་སྤྱོད།