དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚན་མོར་ཁ་པར་བརྩེས་ན་ཚོ་འབུད་པའི་ཉེན་ཁ་ཇེ་ཆེར་འགྲོ་བ།

2026-03-12 16:11:37   |   143

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

ཨུ་རུ་སུའི་ཆིའུ་མིང་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་ར་སྤྲོད་བྱས་པ་ལྟར་ན། མཚན་མོར་མིག་དང་འོད་སྔོན་གཉིས་འཕྲད་ན་མི་ལ་ཚོ་འབུད་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། ཞིབ་འཇུག་མི་སྣས་བཤད་པ་ལྟར་ན། རིག་ནུས་ཁ་པར་དང་ལག་ཁྱེར་གློག་ཀླད། བརྙན་འཕྲིན་སོགས་ཀྱི་འཆར་ཤེལ་ལམ་སྒེའུ་ཁུང་ལས་འཕྲོས་པའི་འོད་སྔོན་ཚང་མས་མིའི་ལུས་པོའི་རྙིང་ཚབ་གསར་བྱེད་འཁྲུགས་པར་བྱེད་སྲིད།

11.png

ཞིབ་འཇུག་མི་སྣས་འགྲེལ་བཤད་བྱས་པ་ལྟར་ན། ཁམ་ནག་སྐུལ་རྒྱུ་ཡིས་སྐྱེ་དངོས་ཡོད་ཚད་ཀྱི་ཉིན་རྒྱུན་གྱི་འཁོར་སྐྱོད་དུས་འཁོར(ཉིན་མཚན་མཚམས་ཚིགས)སྙོམ་སྒྲིག་བྱེད་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཅིང་། འོད་ཤལ་ཁྲོད་ཀྱི་མདོག་སྔོན་པོ་ཁ་ཤས་ཀྱིས་ཁམ་ནག་སྐུལ་རྒྱུ་སྐྱེད་པར་འགལ་རྐྱེན་བཟོ་བཞིན་ཡོད།

22.png

ཞིབ་འཇུག་ལས་མངོན་པ་ལྟར་ན། ལུས་པོའི་ཁམ་ནག་སྐུལ་རྒྱུ་ཆེས་རྒོད་པའི་དུས་སྐབས་ཏེ་ཆུ་ཚོད21:3ནས01:00བར་དུ། འབྱུང་ཁུངས་གང་རུང་ནས་འཕྲོས་པའི་འོད་སྔོན་ཉུང་ངུ་ཙམ་གྱིས་ཀྱང་ལུས་པོའི་ལྗིད་ཚད་ཇེ་མཐོར་འགྲོ་བར་ཤུགས་རྐྱེན་བཟོ་བ་རེད།

33.png

ཞིབ་འཇུག་འདི་ནི་དཔྱིད་དུས་སུ་བྱས་པ་ཡིན་པས། མ་འོངས་པར་ཚན་རིག་པས་དུས་ཚིགས་གཞན་པའི་ནང་དུའང་འདིའི་ཐད་ལ་མུ་མཐུད་དུ་ཞིབ་འཇུག་བྱ་འཆར་འདུག


མཉམ་སྤྱོད།