དེ་རིང་ནི2026ལོའི་ཟླ04པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟུངས་ཁྲག་ཞན་པ།

2026-04-09 10:34:24   |   18

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ཟུངས་ཁྲག་ཞན་པ་ནི་རྒྱུ་རྐྱེན་མི་གཅིག་པ་ལས་བྱུང་བའི་ཐུན་མོང་གི་ནད་ལུགས་སྣང་ཚུལ་ཞིག་སྟེ། ཕྱི་ནང་ཁྲག་གི་འཁོར་རྒྱུག་ཁྲོད་དུ་ཕྲ་ཕུང་དམར་པོ(红细胞)དང་། ཁྲག་དམར་སྤྲི་དཀར།(血红蛋白)ཕྲ་ཕུང་དམར་པོའི་ཤོང་སྡུར(红细胞比容)རྒྱུན་ལྡན་ལས་དམའ་བའམ་དེའི་ཁྲོད་རྣམ་གྲངས་གཅིག་རྒྱུན་ལྡན་ལས་མངོན་གསལ་དུ་དམའ་བ་ལ་ཟེར་ཏེ། རྒྱལ་ནང་དུ་སྡོམ་རྩིས་བྱས་པ་ལྟར་ན་ལོ་དྲུག་གི་མན་ཆད་ཀྱི་བྱིས་པར་ནད་འདི་བྱུང་ཚད་ནི་བརྒྱ་ཆའི་སུམ་ཅུ་དང་བཞི་བཅུ་ཡིན་ལ། མདོ་དབུས་མཐོ་སྒང་དུ་བརྒྱ་ཆའི་ལྔ་བཅུ་ནས་དྲུག་ཅུ་ཡིན་པས་རྒྱལ་ནང་ལས་མངོན་གསལ་གྱིས་མཐོ། ཟུངས་ཁྲག་ཉུང་བའི་ནད་དང་རེད་གཤིས་ཟུངས་ཁྲག་ཉུང་བ། ཁྲག་ཞུ་རང་བཞིན་གྱི་ཟུངས་ཁྲག་ཉུང་བ་སོགས་ཡོད།

ནད་རྟགས།

ལྕགས་ཁམས་མ་འདང་བ་ལས་བྱུང་བའི་ཁྲག་ཞན་པའི་ནད་རྟགས་ལ། ཟུངས་ཁྲག་ཞན་པ་དང་ཤ་སེར་བ། མཆིན་མཆེར་ཆེ་བ་དང་། ནད་བྱུང་བ་ཇི་ལྟར་སྔ་ན་ནད་རྟགས་དེ་ལྟར་བྱུང་ལྕི། ལོ་བཅུ་ལོན་མཁན་མང་ཆེ་བར་མཁྲིས་སྐྲན་ཡོད། ནད་པ་ཡོངས་ཀྱི་ཕྱེད་ཀའི་ཡན་ཆད་ལ་ཁྱིམ་རྒྱུད་ལ་ནད་འདི་ཡོད། བཙའ་སྔ་བའི(早产)ཕྲུ་གུར་མཐོང་མང་བ་དང་བཙས་རྗེས་ཟླ་དྲུག་ལོན་པ་ནས་ལོ་གཉིས་མན་ཆད་ཀྱི་ཕྲུ་གུ་དང་ལོ་དྲུག་མན་ཆད་ཀྱི་བྱིས་པར་ནད་འདི་བྱུང་ཚད་བརྒྱ་ཆའི་སུམ་ཅུ་དང་བཞི་བཅུ་ཡིན། ཟས་སྐོམ་ལྡུད་སྟངས་མི་འཚམ་པའམ་ལྕགས་ཡོད་པའི་འཚོ་བཅུད་དུས་ལྟར་ཁ་གསབ་མ་ཐུབ་པ་དང་ཇ་འཐུང་རྒྱུར་གོམས་པའི་ཁྱིམ་ཚང་ལ་མཐོང་མང་། པགས་པ་དང་མིག་མཆུའི་ནང་སྐྱི། སེན་རྟིང་བཅས་སྐྱ་བོ་ཡིན་པ་དང་། སྐྲ་སེར་ཞིང་ཉུང་བ། ཚབས་ཆེ་ན་སྙིང་ལ་བྲེལ་ཤ་ལངས་པ། སྙིང་ཕྱོད་མགྱོགས་པ། དབུགས་ཐུང་བ། སྙིང་གི་མདུན་ཁུལ་བྲང་ངོས་སུ་ལྷད་སྒྲ་ཡོད་པ། སྙིང་ཆེར་རྒྱས་པ། ཐ་ན་སྙིང་གི་བྱེད་ནུས་ཉམས་པ། འཇུ་ནུས་འཁྲུགས་པ་དང་། ཟས་ལ་ཡི་ག་ཞན་པ། ཟས་རིགས་གཅིག་ལ་དགའ་བ། ཁོག་པ་བཤལ་བ། རྣམ་རིག་མི་རྒོད་པར་ཉོབ་པ། མགོ་ཡུ་འཁོར་བ། ན་བ་འུར་བ། བློ་ཚེ་གཅིག་ཏུ་སྒྲིམ་མི་ཐུབ་པ། བསམ་གཞིག་གི་ནུས་པ་ཞན་པ། ཚབས་ཆེ་ན་རིག་པ་མི་གསལ་བ། ནད་འགོག་ནུས་སྟོབས་ཞན་པ་དང་རེད་སྨ་བ་ཡིན།

སྔོན་འགོག

དྲོ་སར་སྡོད་པ་དང་གྲང་རླུང་འཁྱགས་པར་འཛེམ་པ་དང་། ཇ་ལ་ལྕགས་འགོག་པའི་ནུས་པ་ཡོད་པས་གསོ་བཅོས་ཀྱི་གོ་རིམ་ཁྲོད་ཇ་མང་དུ་བསྟེན་མི་རུང་།

གསོ་ཐབས།

1 དེང་རབས་གསོ་རིག་ལྟར་ན། འོས་འཚམ་གྱིས་བཟའ་བཏུང་སྙོམས་སྒྲིག་བྱེད་པ་དང་གོམས་གཤིག་མི་ལེགས་པ་ཡོད་ན་བསྒྱུར་རྒྱུ།

2 བོད་ལུགས་གསོ་རིག་ལྟར་ན། སྨན་དུ་སེ་འབྲུ་ལྔ་པ་དང་སེ་འབྲུ་དྭངས་གནས་སོགས་ཕོ་བའི་མེ་དྲོད་གསོ་བའི་སྨན་དང་། ཟླ་ཤེལ་ཆེན་མོ། གུར་ཀུམ་མཆོག་བདུན། གི་ཝང་དགུ་པ་སོགས་མཆིན་མཆེར་གྱི་ནུས་པ་གསོ་བའི་སྨན་དང་། གསོ་བྱེད་ཉི་མའི་དཀྱིལ་འཁོར་དང་འབབ་སམ་སྨན་མར་སོགས་རླུང་དང་ལུས་ཟུངས་གསོ་བའི་སྨན་རྣམས་གང་འཚམ་བཞིན་བསྟེན་དགོས།

3 ཟས་ཀྱིས་བཅོས་པ་ལ། བོད་ལུགས་གསོ་རིག་ལྟར་ན། ནོར་ལུག་གི་ཤ་གསར་བའི་ཁྲུ་བ་དང་། འབྲི་མོའི་འོ་མ། བུ་རམ་དང་ཀ་ར། ཙོང་སོགས་རླུང་ཟས་དྲོད་བཅུད་ཅན་བསྟེན་པ་དང་། ཚབས་ཆེ་ན་གསོན་ཁྲག་ལྡུད་དགོས། ཕྱི་ལུགས་གསོ་རིག་ལྟར་ན། སྐྱུར་བསྙལ་བའི་གྲོ་ཕྱེ(གོ་རེ)དང་། སྲོག་ཆགས་ཀྱི་མཆིན་པ་དང་ཁྲག ནོར་ལུག་ཕག་གསུམ་གྱི་ཤ་སྣག འོ་མ། སྒོ་ང་། སྔོ་ཚོད་གསར་བ་དང་སྲན་མ་ལས་བཟོས་པའི་ཟས་རིགས་རྣམས་འཕྲོད་པས་གང་འཚམ་ལྟར་བསྟེན་ཚོག


མཉམ་སྤྱོད།