དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁོང་ཁྲོ་ལངས་པའི་གནོད་པ་བདུན་ནི་གང་དག་ཡིན།

2025-01-02 08:54:16   |   902

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


1 ཀླད་པར་གནོད་པ། ཁོང་ཁྲོ་ཆེས་ཆེར་ལངས་ཚེ་ཀླད་ཆེན་གྱི་བསམ་གཞིག་དེ་རྒྱུན་ལྡན་གྱི་བྱ་འགུལ་ལས་བརྒལ་ཏེ། ཧོལ་རྒྱུག་གམ་ཚད་ལས་བརྒལ་བའི་བྱེད་སྟངས་སོགས་སྤྱད་ནས། དེ་ལས་ཀླད་ཆེན་གྱི་ལྟེ་བ་ལ་ཕོག་ཐུག་བཟོས་ཏེ་རླུང་ཁྲག་ཡར་རྒྱུག་པར་མ་ཟད། ད་དུང་ཀླད་ཁྲག་ཤོར་བ་སོགས་ཀྱི་ཉེན་ཁ་ཡོད།  

2 དྲན་པར་གནོད་པ། ཁོང་ཁྲོ་ལངས་ཚེ་ལྷོད་ལ་འབབ་མི་ཐུབ་ཅིང་གཉིད་དཀའ་བས། དྲན་པ་མི་གསལ་བ་སོགས་བསླངས་ནས་སྟོབས་ཟད་ཉམས་ཤོར་དུ་འགྱུར། 

3 སྐྱི་ལྤགས་ལ་གནོད་པ། རྒྱུན་དུ་ཁོང་ཁྲོ་ལངས་ན་ངོ་མདངས་ཉམས་ཤིང་མིག་སྐྲངས་པ། གཉེར་མ་ཇེ་མང་དུ་འགྲོ་བ་སོགས་འབྱུང་བ་ཡིན། 

4 གསང་རྒྱུད་ཟགས་གཤེར་ལ་གནོད་པ། ཁོང་ཁྲོ་ལངས་ཚེ་ཨོལ་གོང་གཤེར་རྨེན་གྱི་བྱེད་ལས་ཇེ་མགྱོགས་སུ་སོང་ནས་སེམས་འཚུབ་པ་དང་ཡིད་མུག་པ་སོགས་ཀྱི་སྣང་ཚུལ་འབྱུང་བར་མ་ཟད། ད་དུང་སྙིང་གཟེར་ལངས་པའམ་ཡང་ན་སྙིང་རྩ་འགག་པ་སོགས་ཀྱི་ནད་ཀྱང་སློང་སྲིད་པ་ཡིན།

5 གློ་བར་གནོད་པ། ཁོང་ཁྲོ་ལངས་དུས་མིས་དབུགས་ལེན་ཚད་མགྱོགས་སྟབས། གློ་བ་སྐྲང་བ་དང་དབུགས་འཚངས་ནས་ལུ་བ་སོགས་བྱས་ཏེ་གློ་བའི་བདེ་ཐང་ལ་གནོད་སྐྱོན་འབྱུང་། 

6 མཆིན་པར་གནོད་པ། ཁོང་ཁྲོ་ལངས་ཤིང་ཡིད་སྐྱོ་བའི་གནས་ཚུལ་འོག་མིའི་མཆིན་རླུང་མི་རྒྱུ་བ་དང་མཆིན་མཁྲིས་མི་བདེ་བ། མཆིན་ངོས་ན་བ་སོགས་ཀྱི་ནད་སློང་བ་ཡིན། 

7 ཕོ་བར་གནོད་པ། ཁོང་ཁྲོ་ལངས་དུས་ཟ་མ་ཟ་འདོད་མེད་པས། ཡུན་རིང་འགོར་ཚེ་ཕོ་རྒྱུའི་འཇུ་སྟོབས་འཁྲུགས་པར་འབྱུང་བའོ།


མཉམ་སྤྱོད།