དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྱད་པར་གྱི་གསོ་ཚུལ་དགུ་ནི་གང་དག་ཡིན།

2025-01-03 09:20:44   |   209

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


མ་རྟོགས་དོགས་བཅས་གདེང་མ་ཐོབ་པའི་ནད། བྱི་ལ་འཇབ་པ་ལྟ་བུའི་སད་མདས་བཅོས། ངོས་ཟིན་ངེས་པ་རྙེད་ཅིང་གདེང་ཐོབ་ན། སྤོ་ལ་དར་འཕྱར་ལྟ་བུར་དངོས་སུ་བཅོས། གཉེན་པོ་ཐོག་ཏུ་མི་འབབ་ནད་ལམ་གཟུང་། རྟ་རྒོད་དཀྱུས་སུ་འཛུད་པ་ལྟ་བུར་བཅོས། སྔར་བཅོས་ནད་ལ་དམན་ལྷག་ལོག་པ་གསུམ།  བརྟག་ལ་སྐྱར་མོ་ཉ་ལེན་བཞིན་དུ་བཅོས། སྟོབས་ཆུང་ནད་ལ་སྤྱོད་ལམ་ཟས་སྨན་དཔྱད། སྐས་གདང་ལྟ་བུར་མས་འཛེག་རིམ་པསབཅོས། རྐྱང་བའི་ནད་ལ་དཔའ་བོས་དགྲ་འདུལ་བཞིན། དེ་གཞིན་གཞན་ལ་གནོད་མེད་སྦྱོར་བས་བཅོས། ལྡན་འདུས་ནད་ལ་འདུ་བ་ཆ་སྙོམས་གཅེས། གཙོ་བོ་དམེ་ཤོར་འཁྲུགས་ཟླུམ་ལྟ་བུ་བཅོས། ཀུན་ལ་གནོད་བྱ་ལ་སོགས་ཆོས་བཅུར་སྦྱར། མཛོ་ཁལ་ལུག་ཁལ་ལྟ་བུར་འཚམ་པར་བཅོས། ཞེས་གསུངས་པ་ལྟར་རོ།


མཉམ་སྤྱོད།