དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གྲ་ཐང་རྒྱུད་བཞི་ཞེས་བྱ་བ་དེའི་བྱུང་བ་ཇི་ལྟར་ཡིན།

2025-02-19 11:09:26   |   907

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟུར་མཁར་བློ་གྲོས་རྒྱལ་པོ་ཉིད་ཀྱིས་གཡུ་ཐོག་པ་སྐུ་དངོས་ཀྱིས་གཟིགས་གནང་བེད་སྤྱོད་མཛད་པའི་གྲ་ཐང་རྒྱུད་བཞི་དངོས་འཚོལ་བར་དགོངས་ནས་ཉང་སྨན་དུ་བྱོན་ཏེ་འཚོལ་ཞིབ་མཛད་པ་ན་གཡུ་ཐོག་པ་རང་གི་ཕྱག་དྲེག་མའི་རྒྱུད་བཞི་གསེར་མཆན་ཕྱག་སོན་བྱུང་རྗེས་མཁྱེན་དཔྱོད་ཀྱི་རྩལ་ཕྱེ་སྟེ་དགག་བཞག་སྤང་གསུམ་གྱི་སྒོ་ནས་མེས་པོའི་ཞལ་ལུང་བརྩམས་པ་དང་ཆབས་ཅིག་ལྷོ་ཁ་གྲ་ནང་དུ་ཡོད་པའི་གྲ་ཐང་ཞེས་པར་ཡར་རྒྱབ་ཅེས་པས་མཐུན་རྐྱེན་སྦྱར་བ་བརྒྱུད་སྐུ་ཉིད་ནས་རྒྱུད་བཞི་ཡི་མ་ཟིན་ལ་དག་བཅོས་མཛད་དེ་གསོ་རིག་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པའི་གྲ་ཐང་རྒྱུད་བཞི་ཞེས་པ་དེ་པར་དུ་བརྐོ་གནང་མཛད་དོ།


མཉམ་སྤྱོད།