དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གུར་གུམ་ཞེས་པའི་མིང་དེ་ཇི་ལྟར་ཐོགས་པ་ཡིན།

2025-02-18 15:29:08   |   633

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གུར་གུམ་ཞེས་པ་ནི་ཀུང་ཀུ་མ་ཞེས་པའི་མིང་ཟུར་ཆག་ནས་བྱུང་བ་ཡིན་ལ། གུར་གུམ་གྱི་སྤྱོད་སྒོ་ཧ་ཅང་ཆེ་ཡང་མདོར་དེད་ན། གུར་གུམ་སྨན་དུ་སྤྱོད་པ་དང་། བྲོ་སྨན་བྱས་ཏེ་ཟས་སུ་སྤྱོད་པའོ། བོད་ཀྱི་གསོ་རིགས་གཞུང་ལུགས་ལྟར་ན་གུར་གུམ་ལ་མཆིན་ནད་སེལ་བ་དང་། རྩ་ཁ་སྡོམ་པ། ཟུངས་ཁྲག་གསོ་བ། ཁྲག་ཤེད་གཅོད་པ། གཅིན་གཅི་བ་སོགས་ཀྱི་སྨན་ནུས་གལ་ཆེན་ལྡན། ཁ་ཆེའི་ཡུལ་དུ་གུར་གུམ་ར་མས་ཟ། ཨ་མདོའི་ཡུལ་དུ་ཤེལ་ཏང་མཛོ་མོས་ཟ། ཞེས་པའི་ཚིག་ལ་གཞིགས་ན་ཁ་ཆེ་ནི་གུར་གུམ་གྱི་ཐོན་ཁུངས་གཙོ་བོ་ཞིག་ཡིན་པ་དང་ཨ་མདོ་ནི་ཤེལ་ཏང་གི་ཐོན་ཁུངས་གཙོ་བོ་ཞིག་ཡིན་པ་གོ་ཐུབ།


མཉམ་སྤྱོད།