དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྙིང་ནད་ཅན་གྱིས་གཟུགས་པོ་འཁྲུད་སྐབས་གཟབ་དགོས།

2025-05-28 09:08:32   |   126

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གཅིག

སྙིང་ནད་ཡོད་པར་མ་ཟད། སྙིང་ཤུགས་ཉམས་པ་དང་། སྙིང་གཟེར་ལངས་པ། སྙིང་རྩ་འགག་པ་སོགས་ཀྱི་ནད་རྟགས་ཅན་གྱིས་གཟའ་འཁོར་གཅིག་གི་ནང་ཚུན་དུ་གཟུགས་པོ་རྟག་ཏུ་འཁྲུད་མི་རུང་བ་དང་ལྷག་པར་དུ་རླངས་ཁྲུས་བྱ་མི་རུང་།

གཉིས། 

གཟུགས་པོ་བཀྲུ་སར་དྲོད་སྲུང་དང་རླུང་རྒྱུག་པའི་སྒྲིག་ཆས་བསྒར་ནས་ཆམ་པ་མི་ཕོག་པར་བྱ་དགོས། ཆུའི་དྲོད་ཚད་ཏུའུ30ནས35བར་བྱས་ན་འཚམ་པོ་ཡོད་པ་དང་། དྲོད་ཚད་དམའ་དྲགས་ན་པགས་པའི་ཁྲག་རྩ་རྒྱས་པ་དང་། སྙིང་དང་། ཀླད་པ། མཁལ་མ་སོགས་དབང་པོའི་ཁྲག་རྒྱུན་འཁོར་རྒྱུག་བྱེད་ཚད་ཉུང་དུ་འགྲོ་བ། གསོ་རླུང་མི་འདང་བ་སོགས་ཀྱི་སྣང་ཚུལ་ཐོན་ནས་ཚབས་ཆེ་ན་སྲོག་ལ་ཉེན་ཁ་བཟོ་གི་ཡོད། 

གསུམ། 

སྙིང་ནད་ཅན་གྱིས་གཟུགས་པོ་འཁྲུད་དུས་ཆུ་ཚོད་ཕྱེད་ཀ་ལས་མི་བརྒལ་བར་བྱེད་དགོས་པ་དང་ཟླ་རེར་གཟུགས་པོ་ཐེངས་གཉིས་ནས་བཞི་བར་བཀྲུས་ན་འཚམ་པོ་ཡོད།


མཉམ་སྤྱོད།