དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་ཁྱད་པར་གྱི་ནད་ཟེར།

2025-06-16 11:05:52   |   21

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


འོན་ཀྱང་རིམས་ལ་ཡུལ་དུས་མཚུངས་པ་དང་། ཆུ་འགག་ནད་ལ་གནོད་བྱ་མཉམ་པ་དང་། ཁྲག་སྐྲན་རྙིང་པ་གསོ་བ་སླ་ཞེས་བྱ། ཞེས་གསུངས་པ་སྟེ། འོན་ཀྱང་གོང་གི་དེ་ལྟར་མ་ཡིན་པའི་ཁྱད་པར་གྱི་ནད་ནི། རིམས་ནད་ལ་ཡུལ་དུས་གཉིས་ཚད་པའི་ཡུལ་དུས་དང་མཚུངས་ན་གསོ་སླ་སྟེ། རིམས་ཕལ་ཆེར་བ་སྤུ་དང་རྔུལ་ལ་བབས་པའི་ཕྱིར་ཚ་བ་དེ་ཕྱིར་གདོན་སླ་བར་འགྱུར། ཡུལ་དུས་མི་མཚུངས་པ་བད་རླུང་གི་ཡུལ་དུས་སུ་རིམས་ནད་བྱུང་ན་བ་སྤུའི་སྒོ་འགགས་ནས་ཚ་བ་ཕྱིར་གདོན་དཀའ་བར་འགྱུར་བ་དང་། ཆུ་འགག་གིད་ལ་ཆུ་འགག་པའི་དུས་སུ་བཤང་བ་ཡང་འགག་པ་སྟེ་གནོད་བྱ་བཤང་གཅི་གཉིས་མཉམ་དུ་འགག་ན་གསོ་སླ་སྟེ། ཅིའི་ཕྱིར་ཞེ་ན། བཤང་བ་འགགས་པས་ལྒང་པའི་ཁ་བཅིར་ཏེ་ཐུར་སེལ་འཁྱིམས་པ་ཡིན་ལ། དེ་ལ་ནི་རུ་ཧའི་སྦྱོར་བ་བྱས་པས་བཤང་བ་ཐོན་པ་དང་ཆུ་ཡང་ཞོར་ལ་ཐོན་པར་འགྱུར་བ་དང་། ཁྲག་གི་སྐྲན་གང་ཡིན་ཡང་རྙིང་ན་གསོ་སླ་བ་སྟེ། ཁྲག་སྐྲན་གསར་བའི་དུས་ན་ཁྲག་ལིང་ཆགས་ཡོད་པ་དེ་ལ་རྩ་ཕྲན་འཁྲིས་ནས་མཆིན་པ་ལྟར་གཉན་པས་སྨན་རྩུབ་མོས་དཔྱད་ཅིང་དབུག་ཏུ་མི་རུང་ལ། རྙིང་ནས་དེ་རྣམས་རུལ་བས་སྨན་དཔྱད་གང་ཡང་བྱར་བཏུབ་པ་སྟེ་གསོ་སླ་བ་ཞེས་བྱ་བ་ཡིན་ནོ།


མཉམ་སྤྱོད།