དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕོ་རུབ་ནད།

2025-07-21 09:57:08   |   249

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

ཕོ་ཚད་དུས་སུ་མ་བཅོས་པའམ་བཅོས་བསྐྱེད་མ་བྱང་བ། གཉེན་པོ་དམན་པ་སོགས་ཀྱིས་ཕོ་བའི་ནང་སུལ་གྱི་ཆ་ཤས་སོགས་རིམ་བཞིན་ནང་དུ་འཁུམས་ཤིང་རུབ་པའི་ནད་ཅིག་ཡིན།

ནད་རྟགས།

ཕོ་བ་ན་ལྷང་ངེར་སྡོད་པ་དང་ཚ་འབྲབ་བྱེད་པ། ན་ཟུག་གཏོང་བ། ལྷེན་གསང་དུ་ན་བ། སྦོ་འགྱིང་བྱེད་པ། སྐབས་སུ་མཚན་དགུང་དང་མཚན་ཕྱེད་ལ་ལྷག་པར་ན་བ། བྲང་ཚ་ཞིང་ཆུ་སྐྱུར་སྐྱུགས་པ། ལུས་སྟོབས་ཉམས་པ། དུས་ཐོག་ཏུ་གསོ་བཅོས་མ་བྱས་ཚེ་ནད་འགྱུར་བྱུང་ནས་ཕོ་འབྲས་སུ་འགྱུར་ཉེན་ཆེ་བ་ཡིན།

སྔོན་འགོག

ཐོག་མར་ཕོ་བའི་མེ་དྲོད་བསྲུང་རྒྱུ་གལ་ཆེ། ཁ་ཟས་ཚྭ་སྐྱུར་དང་། རུལ་སུངས། ཁེངས་པོ། མ་ཚོས་པ། མ་གོམས་པ། མི་འཕྲོད་པ། གྱོང་རློན་སྣུམ་པའི་རིགས་སོགས་དུས་ཀུན་ཏུ་སྤང་དགོས། སྤྱོད་ལམ་ལ་དུས་མིན་དུ་ཟ་བ་དང་། རླན་སྟེང་དུ་ཉལ་བའམ་འདུག་དྲགས་པ་སོགས་སྤང་། ཕོ་ཚད་ཀྱི་ནད་བྱུང་ན་དུས་ཐོག་ཏུ་གསོ་བཅོས་བྱ་དགོས།

གསོ་ཐབས། 

1 བོད་ལུགས་གསོ་རིག་ལྟར་ན། སྨན་དུ་དྭངས་བཙོ(སེ་འབྲུ་དྭངས་གནས་ལ་བཙོ་ཐལ་བསྲེས)པ་དང་ཞི་གསེར། (ཞི་བྱེད་དྲུག་པ་དང་གསེར་མདོག་ལྔ་པ་བསྲེས་པ)ཟླ་བདུད་དང་ཅོང་ཞི་ཉེར་གཅིག ཐང་ཆེན་ཉེར་ལྔ་སོགས་ནད་བབས་དང་བསྟུན་ནས་བསྟེན་པ་དང་། རླུང་ལས་གྱུར་པར་སེ་འབྲུ་ལྔ་བ། རིལ་དཀར། དྭངས་གནས། དྭགས་སྨན་བཅོ་ལྔ། ཨ་གར་སོ་ལྔ། བཙོ་ཟླ་སོགས་གཏོང་བ་དང་། མཁྲིས་པ་ལས་གྱུར་པར་ཞི་གསེར། དྭགས་སྨན་བཅོ་ལྔ་ཁ་ཚར་ཅན། གར་ནག་བཅུ་པ། གསེར་མདོག་ལྔ་པ། ཟླ་ཤེལ་ཆེན་མོ། གཡུ་དྲིལ་བཅུ་གསུམ། རུ་ཁྱུང་།(རུ་རྟ་དྲུག་པར་ཁྱུང་ལྔ་བསྲེས་པ)མང་སྦྱོར། བཙོ་ཟླ་སོགས་བསྟེན་པ་དང་། བད་ཀན་ལས་གྱུར་པས་སེ་འབྲུ་ལྔ་པ། དྭངས་བཙོ། བཙོ་ཟླ་སོགས་བསྟེན། སྨུག་པོ་དང་ལྡན་པའི་ཕོ་རུབ་ལ་ཅོང་ཞི་ཉེར་གཅིག ཟླ་བདུད། རུ་ཞི། རུ་ཁྱུང་། ཐང་ཆེན་ཉེར་ལྔ། དྭངས་བཙོ། བཙོ་ཟླ་སོགས་ནད་བབས་དང་བསྟུན་ནས་བསྟེན་དགོས།

2 ཟས་སྤྱོད་ཀྱིས་བཅོས་པ་ལ། འབྲུ་རྙིང་དང་། ཟན་དྲོན། ཆུ་སྐོལ། ཉ་ཤ ལུག་ཤ སྤྱང་ཀིའི་ཤ་སོགས་གསར་བ་དྲོ་ཞིང་རྩུབ་པའི་ཟས་སྐོམ་རྣམས་འགྲངས་ཆེས་པ་མ་ཡིན་པར་འཇུ་ནུས་པའི་ཚད་ཙམ་དུ་ཉུང་ཟད་རེ་བསྟེན་པ་དང་། སྤྱོད་ལམ་ལ་མེ་ཉི་སོགས་དྲོ་སར་སྡོད་པ། གོས་དྲོན་པོ་གྱོན་པ། ལུས་མི་རྔུལ་ཙམ་བཅག་དགོས་པ་དང་། ལྷག་པར་ཏུ་ཉིན་གཉིད་མི་ལོག་པ། ཕྱི་ལུགས་གསོ་རིག་ལྟར་ན། དུ་བ་དང་ཆང་། ཤ་ཚོན་པོ། མར། སྣུམ་བཙོས་ཟས་རིགས། སུར་པན་ཕྱེ་མ།(辣椒粉)ཙོང་རིལ།(洋葱) ཕོ་བ་རིས་ཕྱེ་མ།(胡椒粉) ཁོ་ཧྥེ།(咖啡) སོགས་མི་འཕྲོད་པས་སྤང་དགོས་ལ། ཤ་སྣག་དང་ཉ་ཤ བྱ་ཤ སྲོག་ཆགས་ཀྱི་མཆིན་པ་དང་མཁལ་མ། སྔོ་ཚོད། འོ་མ། སྒོ་ང་། སྲན་ཁུ་སོགས་འཕྲོད་པས་བསྟེན་ན་བཟང་།

3 དཔྱད་ཀྱིས་བཅོས་པ་ལ། ཟས་སྤྱོད་དང་གཉེན་པོ་སྨན་གྱིས་ནད་ཡག་པོ་མི་ཞི་ན་གནས་བྱིན་ཅན་ཏེ་ཡར་ཀླུང་ཆུ་རྡོ་ལྟ་བུ་བསྲོས་པའི་དྲོད་དུགས། ཕོ་གྱོ་མོ་གྱོའི་དྲོད་དུགས། ཤིང་ཀུན་ཉེར་ལྔ་དང་སེ་འབྲུ་ལྔ་པ་མར་རྙིང་དང་བསྡེབས་པའི་སྣུམ་དུགས། ས་བོང་བའི་དྲོད་དུགས། ལན་ཚྭའི་དྲོད་དུགས། གཡི་སྤྱང་གི་པགས་པའི་སྤུ་དུགས་བྱེད་ན་ཕན།


མཉམ་སྤྱོད།