དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀླད་འཕྲུལ་སྦྲེལ་ཆས་ཀྱིས་སྐབས་ཐོག་འདུ་ཤེས་ལ་སྐད་ཆ་བཤད་དུ་འཇུག་ཐུབ།

2025-07-22 09:23:22   |   140

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་སྔོན། དབྱིན་ཇིའི《རང་བྱུང•དབང་རྩའི་ཚན་རིག》སྟེང་ཀླད་འཕྲུལ་སྦྲེལ་ཆས་ལག་རྩལ་གསར་བ་ཞིག་ངོ་སྤྲོད་བྱས་ཤིང་། དེས་ཀླད་པའི་སྐད་ཆའི་འདུ་ཤེས་དེ་དུས་ཐོག་སྒྲ་ལྡན་བརྡ་ཆད་དུ་སྒྱུར་ཐུབ་པ་རེད། ལག་རྩལ་འདིས་སྐད་ཆ་བཤད་མི་ཐུབ་མཁན་ལ་དུས་ཐོག་ཏུ་འབྲེལ་འདྲིས་ཤར་མར་བྱེད་པའི་ནུས་པ་སླར་ཡང་ལྡན་དུ་འཇུག་ཐུབ།

图片1.png

ཨ་རིའི་ཅ་ཀྲོའུ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ཐེངས་འདིར་སྒྲ་མེད་ཀླད་འཕྲུལ་སྦྲེལ་ཆས་ཤིག་གསར་སྤེལ་བྱས་ཤིང་། དེ་ལོ47ལ་བསླེབས་པའི་རྐང་ལག་ཞ་བའི(རྐང་ལག་དང་ལུས་གཞུང་ཞ་བའི)བུད་མེད་ཅིག་གི་ཀླད་པར་སྒྲིག་སྦྱོར་བྱས། བུད་མེད་དེ་ནི་གཟའ་གྲིབ་ཕོག་རྗེས་ལོ18རིང་སྐད་ཆ་བཤད་མི་ཐུབ་མཁན་ཞིག་ཡིན་པ་རེད། 

2.png

ཞིབ་འཇུག་མི་སྣས་ཁོ་མོར་ཀླད་པའི་འདུ་ཤེས་ལས་ཐུན་མོང་མ་ཡིན་པའི་བརྡ་ཆད1024འདུས་པའི་ཚིག་ཆ་ཚང་བཤད་དུ་བཅུག་པ་དང་། དུས་མཚུངས་སུ་ཁོ་མོའི་ཀླད་པའི་འགུལ་སྐྱོད་ལ་བརྟེན་ནས་སློབ་སྦྱོང་གཏིང་ཟབ་བྱས་ཡོད་པའི་དབང་རྩའི་དྲ་རྒྱ་ཞིག་སྦྱོང་བརྡར་བྱས་ཏེ། ཀླད་པའི་འགུལ་སྐྱོད་དེ་དག་ནད་པའི་སྐད་ཆའི་ཚོར་སྣང་འགུལ་སྐྱོད་པགས་རྫས་སུ་བཅུག་པའི་གློག་སྣེ་སྤྱད་དེ་ཟིན་ཐོར་བཀོད།

3.png

ཞིབ་འཇུག་མི་སྣས་དཔེ་དབྱིབས་སྤྱད་ནས་ཧའོ་སྐར་ཆ80ཡི་རིམ་འཕར་འགྲོས་ཚད་ཀྱིས་དྲ་ཐོག་སྐད་བརྡ་ཨང་གྲངས་ཡིག་འབེབས་བྱས་ཏེ། ཚོད་ལྟ་བྱ་ཡུལ་གྱི་སྒྲ་འབྱིན་པའི་དམིགས་ཡུལ་དང་དུས་མཉམ་དུ་ཚོད་ལྟ་བྱ་ཡུལ་ལ་རྨས་སྐྱོན་མ་ཕོག་གོང་གི་སྐད་ཆ་བཤད་པའི་དུམ་བུ་སྦྱོང་བརྡར་བྱེད་པའི་དཔེ་དབྱིབས་སྤྱད་ནས། ཁོ་མོའི་སྒྲ་ལ་ལད་ཟློས་བྱེད་པའི་སྒྲ་ཟློས་གྲུབ་པ་རེད། ཀླད་འཕྲུལ་སྦྲེལ་ཆས་དེ་ད་དུང་ཚོད་ལྟ་བྱ་ཡུལ་དེའི་སྦྱོང་བརྡར་ཁྲོད་འབྲེལ་འདྲིས་བྱས་མ་མྱོང་བའི་བརྡ་ཆད་དུ་ཁྱབ་གདལ་གཏོང་ཐུབ་ལ། བདེ་བླག་ངང་བསྟུད་མར་འཁོར་སྐྱོད་བྱེད་ཐུབ། 


4.png

སྒྲིག་ཆས་འདིས་སྐད་ཆ་བཤད་མི་ཐུབ་མཁན་གྱིས་བདེ་བླག་ངང་སྐད་ཆ་བཤད་ཐུབ་པར་གྱུར་ནས། ཁོ་ཚོའི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་ཐུབ་པའི་རེ་བ་ལྡན།


སྐབས་སྔོན་མ། ཕོ་རུབ་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།