དེ་རིང་ནི2025ལོའི་ཟླ12པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བད་ཀན་རྩ་ནི་བྱིང་རྒུད་དལ་བའོ། ཞེས་པའི་དོན་ཅི་ཡིན།

2025-12-16 14:46:26   |   42

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྣམ་གྱུར་བད་ཀན་གྱི་རྩ་ནི། སྐྱེམ་པའི་ཕྱི་མ་རྒྱུད་ཀྱི་རྣམ་བཤད་ལག་ལེན་གསལ་བྱེད་ལས། བད་ཀན་རང་རྒྱུད་ཅན་སྐྱ་བོའི་རྩ་ནི། ས་ཆུའི་མཚན་ཉིད་འཛིན་པས་ལྕི་རྟུལ་འཇམ་བརྟན་གྱི་རང་བཞིན་ཡིན་པས་གཏིང་དུ་བྱིང་ལ་རྒུད། ཅེས་དང་། སྨྲ་བ་མཆོག་ཐོབ་ལས། བད་ཀན་གྱི་རྩ་ནི། གཏིང་དུ་ནུབ་པས་མི་གསལ་བ་ལྟར་འབྱིང་བ་དང་། སྟོབས་ཆུང་བས་ཉམས་ཅན་གུད་པ་དང་། རྒྱུན་རིང་བས་དལ་བའི་ཉམས་ཡོད་པ་སྟེ་བད་ཀན་ས་ཆུ་དང་མཚུངས་པའི་མཚན་ཉིད་ཡོད་པའོ། ཞེས་དང་། གནད་ཀྱི་ལྡེ་མིག་ལས། བད་ཀན་རང་རྒྱུད་ཅན་སྐྱ་བོའི་རྩ་བྱིང་ལ་རྒུད་པ་ནི། ས་ཆུའི་ཁམས་འཕེལ་བས་རྩ་བྱིང་བ་དང་། ནད་འདི་གཙོ་བོ་ཕོ་བའི་མེ་དྲོད་ཉམས་པ་ལས་བྱུང་བ་ཡིན་ཞིང་དེའི་དབང་གིས་དྭངས་མའི་རྒྱུན་ཡང་ཉམས་པས་རྩ་རྒྱུད་རྒུད་པའོ། ཞེས་ལེགས་པར་གསུངས་པ་ལས་རྟོགས་པར་བྱའོ།


སྐབས་སྔོན་མ། ཅི་ཞིག་ལ་སྨན་ཟེར།
སྐབས་རྗེས་མ། མེད།
མཉམ་སྤྱོད།