དེ་རིང་ནི2025ལོའི་ཟླ12པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་སྨན་ཟེར།

2025-12-15 09:25:17   |   35

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྨན་ཞེས་པ་ནི་འབྲས་མིང་རྒྱུ་ལ་བཏགས་པའི་ཁོང་དུ་བཏང་བ་དང་ཕྱི་ནས་བྱུགས་པས་ཚེ་སྲོག་ལ་ཕན་ཞིང་ནད་སེལ་ནུས་པའི་རྫས་སྤྱིའི་མིང་སྟེ། གཡུ་ཐོག་གསར་མས། སྨན་ནི་རྫས་གང་ཞིག་ནད་སེལ་བའི་ནུས་པ་མཆོག་ཏུ་འགྱུར་ཞིང་། ཁོང་དུ་བཏང་བའི་ཚེ་སྲོག་ལ་ཕན་པ་དེ་ལ་སྨན་ཞེས་བྱ་ལ། དེ་ཡང་རོ་དང་ནུས་པ་ཞུ་རྗེས་སྦྱོར་ཐབས་དང་བཞིའོ། ཞེས་དང་། སྐྱེམས་པ་ཚེ་དབང་གིས་སྨན་ཞེས་པ་ཕན་པའི་དོན་ཏེ་འབྲས་བུའི་མིང་རྒྱུ་ལ་བཏགས་པའོ། ཞེས་དང་གཞན་ཡང་སྨན་ཞེས་པའི་སྒྲ་འདི་དོན་བརྒྱད་ལ་འཇུག་སྟེ། ཡན་ལག་བརྒྱད་པ་ལས། གསོ་བ་ཕན་དང་ནད་སེལ་དང་། སྦྱོར་བ་སྨན་དང་རྩི་དང་ནི། ཞི་བར་བྱེད་དང་སྔགས་བྱས་ཏེ། དེ་དག་སྨན་མིང་རྣམ་གྲངས་ཡིན། ཞེས་གསུངས་པ་ལྟར་ཤེས་པར་བྱའོ།


མཉམ་སྤྱོད།