དེ་རིང་ནི2025ལོའི་ཟླ12པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནད་ཀྱི་འབྱུང་གཞི་སེམས་ལ་ཐུག་ཅེས་པའི་དོན་ཅི་ཡིན།

2025-12-10 10:15:55   |   53

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


རླུང་དང་མཁྲིས་པ་བན་ཀན་ལྡན་འདུས་བཅས། བཞི་བརྒྱ་རྩ་བཞིའི་ནད་རིགས་འགོང་འདྲེ་དེ། ཟག་བཅས་ལུས་དང་སོ་སོར་རབ་གྱེས་ཏེ། འགྲོ་བའི་ལུས་ཁམས་དྭངས་གཙང་སོར་གནས་པའི། སངས་རྒྱས་སྨན་ལྷའི་ཞབས་ལ་སྒོ་གསུམ་འདུད། འདོད་ཡོན་རོ་ཡི་འཆོར་སྒེག་མཛེས་མ་དེས། བདག་རྐྱེན་ལྕེ་ཤེས་རྒྱུན་དུ་བསླད་པའི་མཐུས། བཞི་བརྒྱ་རྩ་བཞིའི་ནད་འབུའི་དཔུང་གི་ཚོགས། དེ་མུར་བཤམས་ནས་དོན་ལྔ་སྣོད་དྲུག་གྲོང་། མཐའ་དཀྲུགས་ཕུ་དཀྲུགས་བྱེད་དེ་སུ་ཡིས་ལན། མི་ནད་ཁ་དང་རྟ་ནད་རྒྱུགས་ནས་ཞེས། ནད་ཀྱི་འབྱུང་རྐྱེན་ཁ་ནས་ཡིན་ལྟར་ཡང་། དེ་ཡི་དབང་འཛིན་སེམས་ཀྱི་ས་སྐྱོང་ཉིད། རྒྱལ་པོ་ངན་རེངས་བཅོས་ཐབས་མི་བྱེད་པར། ཁ་ཙམ་སྲུང་བ་མདོ་མེད་ལས་སུ་གོ། སེམས་ཀྱི་བདག་རྐྱེན་ཉེར་ལེན་སྐྱེད་བྱེད་ཐོག ཕྱི་རོལ་དམིགས་རྐྱེན་ལྷན་ཅིག་རབ་མནན་ན། དོན་ལྔ་སྣོད་དྲུག་མཁར་རྫོང་སྲ་མཁྲེགས་ཀྱང་། ནམ་ཞིག་དགྲ་བོས་འབིགས་ངེས་བློས་བསམས་ཏེ། རྣམ་པ་ཀུན་ཏུ་སེམས་ལ་བྱ་ར་བྱོས། ཞེས་སོ།


སྐབས་སྔོན་མ། ཅི་ཞིག་ལ་ཧོར་གྱི་མེ་བཙའ་ཟེར།
སྐབས་རྗེས་མ། མེད།
མཉམ་སྤྱོད།