དེ་རིང་ནི2025ལོའི་ཟླ12པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་ཧོར་གྱི་མེ་བཙའ་ཟེར།

2025-12-09 08:53:13   |   16

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


དེ་ལ་སྐྱེམ་པའི་རྩ་རྒྱུད་ཀྱི་འགྲེལ་བ་སྨྲ་བ་མཆོག་ཐོབ་ལས། ཧོར་གྱི་མེ་བཙའ་ནི་སྣུམ་ལ་དྲོ་བའི་དུགས་ཀྱིས་རླུང་སྲ་ཕྲ་གྲང་བའི་གཟེར་ལ་སོགས་པ་ཞི་བ། ཞེས་དང་། རྩ་རྒྱུད་ཀྱི་འགྲེལ་བ་མེས་པོའི་ཞལ་ལུང་ལས། སྐབས་འདིར་ཧོར་གྱི་མེ་བཙའ་ཞེས་པ་ཁ་ཅིག་ན་རེ། སྙིང་བོ་བསྡུས་པར་རྡོ་དཀར་བསྲེགས་པ་ལ་བཤད་ཅེས་ཟེར་མོད་དེར་ཐལ་སྨན་གྱི་མེ་བཙའ་བཤད་མོད་ཀྱང་ཧོར་གྱི་མེ་བཙའི་དོན་མ་གྲུབ་པས་མི་འཐད་ལ། ཧོར་གྱི་མེ་བཙའ་ཞེས་པ་མན་ངག་རྒྱུད་དུ་དུགས་ཀྱི་ཁོངས་སུ་བསྡུས་པས་ན་གོ་སྙོད་སྣུམ་དུ་བཙོས་པའམ་འཁར་གོང་སྲིན་ཅན་དུགས་ལ་སྔ་རབས་ཀྱི་བཞེད་པ་ལྟར་ལེགས་པ་ཡིན་ནོ། ཞེས་དང་། འཕྲུལ་གྱི་ལྡེ་མིག་ལས། ཧོར་གྱི་མེ་བཙའ་ནི། བོད་དག་གིས་གར་ལོག་དང་། སྟོད་ཧོར་ཞེས་འབོད་པའི་ཏཱ་ཟིག་ལུགས་ཀྱི་མེ་བཙའ་སྟེ་ཕྱིང་བ་སྣུམ་ལ་བཙོས་པའི་དྲོད་ལྡན་གང་ནའི་གནས་སུ་གླན་དགོས་པའི་ཚ་དུགས་སོ། ཞེས་གོ་འཇོ་དབང་འདུས་ཀྱིས་མཛད་པའི་ཟིན་ཏིག་བདུད་རྩིའི་ཐིགས་པའི་དཀའ་མཆན་འཇམ་མགོན་གུ་ཎ་མུ་དྲའི་དགོངས་རྒྱན་དུ་གསུངས་པ་ལས་རྟོགས་པར་བྱའོ།


མཉམ་སྤྱོད།