དེ་རིང་ནི2025ལོའི་ཟླ11པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱུན་དུ་གཉིད་གཅོག་པའི་མི་ལ་གོམས་གཤིས་འདི་བདུན་པོ་ཆགས་ན་བཟང་།

2025-11-24 16:18:38   |   32

རྩོམ་སྒྲིག དོན་འགྲུབ་མཚོ།   ཡོང་ཁུངས། ཚེ་སྲོག་སྐབས་དོན་ཚགས་པར།   བཤེར་འབེབས། རིན་ཆེན་ཚེ་རིང་།


图片100.jpg

བྱ་བ་སོགས་ཀྱི་དབང་གིས་དུས་ཡུན་རིང་བོར་གཉིད་གཅོག་པའི་མི་ལ་པེ་ཅིན་སློབ་ཆེན་སྨན་ཁང་གསུམ་པའི་ཉེན་ཆེའི་གསོ་རིག་ཚན་ཁག་གི་སྨན་པ་འབུམ་རམས་པ་པོ་ཧྲི་ཉིང་གིས་བསམ་འཆར་འདི་དག་བཏོན་ཡོད།

གཅིག གཉིད་གཅོག་པར་ཆོས་ཉིད་ཡོད་དགོས།

གཉིད་བཅག་པ་དང་ཡར་ལངས་པ། ཉིན་མོར་གཉིད་འདང་བ་བཅས་ལ་ཆོས་ཉིད་ལྡན་དགོས་པར་མ་ཟད། གཟའ་མཇུག་ལ་ཡང་གོམས་གཤིས་འདི་རྒྱུན་འཁྱོངས་བྱ་དགོས། གཉིད་གཅོག་དུས་གློག་བཀར་བ་དང་། ཉིན་མོར་གཉིད་དུས་དྲ་ཡོལ་དམ་པོར་འཐེན་ན། ཉིན་མཚན་གྱི་གོམས་འགྲོས་མགྱོགས་མོའི་ངང་བསྐྱར་སྒྲིག་བྱེད་པ་དང་། སྐྱེ་དངོས་ཆུ་ཚོད་གསར་བཟོ་བྱ་རྒྱུར་ཕན་ཐོགས་ཡོད་པས། རྙོག་འཛིང་གི་ངལ་གསོ་ལས་བཟང་།

གཉིས། གཉིད་བཅག་ཚེ་མཚན་ཟས་མ་ཟོས་ན་བཟང་།

ཉིན་མཚན་གྱི་གོམས་འགྲོས་དང་འགལ་ནས་ཟ་མ་ཟོས་ན། མངར་བཟོད་ཚད་ལ་གནོད་པ་དང་། གཤེར་མའི་ཕུང་རྩི་ཡི་ཚོར་སྐྱེན་རང་བཞིན་ཇེ་དམའ་རུ་གཏོང་བ། གཅིན་སྙི་ཟ་ཁུའི་ནད་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་ལ། ཚོ་ཡང་འབུད་སླ་བ་ཡིན། མཚན་མོར་གཉིད་བཅག་ནས་ལྟོགས་དྲགས་ན། མངར་ཆ་འདུས་པའི་བཏུང་བ་དང་ཚ་ཚད་མཐོ་བའི་སྣུམ་བཙོས་ཟས་རིགས་ལ་གཡོལ་དགོས་ཤིང་། མ་རྨོས་ལོ་ཏོག་དང་ཤིང་ཏོག འོ་མ། སྒོ་ང་། གྲོ་ཕྱེ་བག་ལེབ་སོགས་ཟོས་ཏེ། བཟའ་བཅའི་ཚི་སྣ་དང་སྤུས་ལེགས་སྤྲི་དཀར་ཁ་གསབ་བྱ་དགོས། དེ་ལྟར་བྱས་ན་ཚ་ཚད་དམའ་བས་རྙིང་ཚབ་གསར་བྱེད་ལ་ཐེབས་པའི་ཤུགས་རྐྱེན་ཆུང་། 

གསུམ། ཙོག་ཡུན་ཇེ་ཐུང་དུ་གཏོང་དགོས།

གཉིད་བཅག་སྟེ་ལས་ཀ་བྱེད་སྐབས་ཙོག་པུར་བསྡད་དེ་ཆུ་ཚོད2ནས3ཙམ་འགོར་རྗེས། ཡར་ལངས་ནས་སྐར་མ10ཡས་མས་ལ་འགུལ་སྐྱོད་བྱས་ཏེ། རྐང་པའི་ཁྲག་རྡོག་ཆགས་ཚད་ཇེ་ཉུང་དུ་གཏོང་དགོས།

བཞི། དུས་ཐོག་ཏུ་གཉིད་གསབ་བྱ་དགོས།

གཉིད་གསབ་བྱེད་པའི་དུས་ཚོད་མང་བོ་མེད་ན། གུང་གཉིད་བཀོད་སྒྲིག་བྱ་དགོས་ཤིང་། དུས་ཚོད་གཞན་དག་ལ་ཁོམ་པ་ཡོད་ན་སྐར་མ་བཅུ་ཙམ་ལ་གཉིད་ནའང་ཕན་ཐོགས་ཡོད།

ལྔ། བཟའ་བཏུང་ལེགས་སྒྲིག་བྱ་དགོས།

གཉིད་མ་འདང་ན་སྐྱི་པགས་ཀྱི་བྱེད་ནུས་ལ་གནོད་པ་དང་སྐྱི་པགས་རྒས་འགྱུར་ཇེ་མགྱོགས་སུ་གཏོང་བ་ཡིན། གཉིད་བཅག་རྗེས་དབྱང་འགྱུར་འགོག་རྫས་ཁ་གསབ་བྱ་དགོས་ཏེ། མདོག་ཟབ་པའི་སྔོ་ཚོད་དཔེར་ན་ཚོད་མ་སྨུག་ལོག་དང་། ཁུ་ལྡན་འབྲས་བུའི་རིགས་ཀྱི་ཤིང་ཏོག་དཔེར་ན་ལུམ་འབྲས་སྔོན་པོ་དང་འབྲི་ཏ་ས་འཛིན། དེ་བཞིན་སྟར་ཀ་དང་ཇ་ལྗང་སོགས་ཀྱི་འདུས་ཚད་ཕུན་སུམ་ཚོགས་པས། འོས་འཚམ་ངང་མང་ཙམ་ཟོས་ཆོག

དྲུག འོས་འཚམ་གྱིས་འགུལ་སྐྱོད་བྱ་དགོས།

ཉིན་མོར་གཉིད་གསབ་བྱས་རྗེས་ལུས་སྟོབས་རྒྱས་པས། འགུལ་སྐྱོད་འོས་འཚམ་བྱས་ཏེ། གཉིད་བཅག་པ་ལས་བྱུང་བའི་སེམས་ངལ་དང་རིག་པ་སྒྲིམ་མི་ཐུབ་པ། དྲན་ཤེས་ཞན་པ་སོགས་ཀྱི་ངན་གཤིས་ཇེ་ཆུང་དུ་གཏོང་དགོས།

བདུན། ཆུ་འདང་ངེས་བཏུང་དགོས།

གཉིད་བཅག་རྗེས་ཀྱི་ཉིན་གཉིས་པར་ཆུ་མང་ཙམ་འཐུངས་ནས་ལུས་པོའི་རྙིང་ཚབ་གསར་བྱེད་རྒྱུན་འཁྱོངས་བྱ་དགོས། དཔེར་ན་ཇ་རྐྱང་དང་སྦྲང་རྩིའི་ཆུ། སིལ་དམར་ཆུ། སྲན་ལྗང་ཁུ་བ་སོགས་འཐུང་ཆོག དེ་ལྟར་བྱས་ན་གནོན་ཤུགས་ཇེ་ཆུང་དང་གཉིད་ཁུག་པར་ཕན་ཞིང་། ཕོ་བ་རྒྱགས་པའི་ཚོར་བ་ཆེས་ཆེར་སྐྱེད་ཐུབ།


སྐབས་སྔོན་མ། ཅི་ཞིག་ལ་རིན་ཆེན་རིལ་བུ་ཟེར།
སྐབས་རྗེས་མ། མེད།
མཉམ་སྤྱོད།