དེ་རིང་ནི2025ལོའི་ཟླ11པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་རིན་ཆེན་རིལ་བུ་ཟེར།

2025-11-20 16:41:19   |   27

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


དེ་ཡང་རིན་ཆེན་རིལ་བུ་ཞེས་པ་ནི་བོད་སྨན་ལས་གསེར་དངུལ་དང་མུ་ཏིག་སོགས་ཅུང་དཀོན་པའི་སྨན་རྫས་ཞིབ་པར་བཏགས་ནས་འདུལ་སྦྱོང་སོགས་ལེགས་པར་བྱས་རྗེས་སྡེབ་སྦྱོར་བྱས་པ་ཡིན་ལ། དེའི་ནུས་པ་ཐང་ཕྱེ་སོགས་ལས་ཡུན་རིང་བ་དང་ལུས་སྟོབས་བསྐྱེད་པ། ཚེ་བསྲིང་བ། ནད་ཀྱི་གཏིང་འདོན་པ་སོགས་ཁྱད་ཆོས་མང་དུ་ལྡན་པར་མ་ཟད། གསོ་དཀའི་ནད་གཞི་བཅོས་སྐྱེད་ཐད་ནུས་པ་ཤིན་ཏུ་ཆེ་ལ་ནད་གཞི་མེད་པའི་མི་ལ་བཅུད་ལེན་དུ་འགྱུར་བ་ཡིན། དེའི་བསྟེན་ཚུལ་ལ་དང་པོར་བུ་ག་དག་པའི་ཕྱི་ཉིན་སྔ་མོ་ནས་ཟས་ཁེངས་པོ་དང་སུངས་ཅན། སྔོ་ངད་སོགས་སྤངས་ནས་ལྟོ་བའི་མེ་དྲོད་ཤིན་ཏུ་འབར་བ་དང་བུ་ག་དག་པའི་ཐོ་རངས་དུས་སྨན་མ་བསྟེན་གོང་གཡེར་མའི་ཁུ་བ་བཏུང་ལ་རྩ་སྒོ་ཕྱེ་རྗེས་རིལ་བུ་སྨན་རྟར་བསྐྱོན་ནས་གཏོང་བ་ཡིན། སྨན་རྟ་ལའང་ནད་གཞིར་བསྟུན་ཏེ་ཆང་དང་སྦྲང་རྩི། ཆུ་སྐོལ། བུ་རམ། ཀ་ར་སོགས་མང་དུ་མཆིས། དཔེར་ན། རླུང་ཤས་ཆེ་བར་བུ་རམ་དང་གར་ཆང་གིས་རྟ་བྱེད་པ་དང་། མཁྲིས་ཤས་ཆེ་བར་ཀ་ར་དང་ཆུ་ཁོལ་གྲང་མོ། བད་ཀན་ཤས་ཆེ་བ་ལ་སྦྲང་རྩི་དང་ཆུ་ཁོལ་གྱི་རྟ་བྱེད་པ་ཡིན། གཞན་ཡང་གཙོ་བོའི་ནད་དང་བླ་གཉན་གྱི་ནད་ཀྱི་ཤུགས་ཆེ་ཆུང་ལ་དམིགས་ཏེ་སྨན་རྫས་ཁ་ཚར་གཏོར་བ་ཡིན་ལ། ཁ་ཚར་ལའང་གླ་རྩི་དང་གུར་གུམ། དོམ་མཁྲིས་དང་གི་ཝང་། བསེ་རུ། བཙོ་ཐལ་སོགས་མང་དུ་ལྡན་ནོ།


སྐབས་སྔོན་མ། ལོང་ནད་ཚ་བ།
སྐབས་རྗེས་མ། མེད།
མཉམ་སྤྱོད།