དེ་རིང་ནི2025ལོའི་ཟླ11པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལོང་ནད་ཚ་བ།

2025-10-31 08:58:01   |   29

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

ནད་འདི་ནི་རྒྱུ་རྐྱེན་མི་གསལ་བའི་གཞང་དང་ལོང་གའི་དལ་གཤིས་ཀྱི་གཉན་ཚད་ཅིག་ཡིན། མིག་སྔར་སྤྱིར་བཏང་དུ་ནད་འདིའི་བྱུང་ཚུལ་དང་རིམས་ཐར་རྒྱུན་ལྡན་མིན་པ་ལ་འབྲེལ་བ་ཡོད་པ་དང་། རང་ལུས་ཀྱི་རིམས་ཐར་རང་བཞིན་གྱི་ནད་རིགས་ཤིག་ཡིན་པར་འདོད་ཀྱིན་ཡོད། ཡང་ན་འགྱུར་རྣམ་འགྱུར་འབྱུང་དང་རྒྱུད་འདེད་ཀྱི་རྒྱུ་ཆ་དང་འབྲེལ་བ་ཡོད། ་ནད་འདི་ན་ཚོད་གང་དུ་ཡང་འབྱུང་བ་དང་ཕལ་ཆེར་དར་མ་ལ་འབྱུང་བ་ཡིན།

ནད་རྟགས།

མང་ཆེ་བའི་གསུས་སྨད་གཡོན་པ་ཅུང་ཙམ་ནས་འབྲིང་ཙམ་དུ་ན་བའམ་ཡང་ན་གསུས་སྨད་ལྡང་དུབ་ཏུ་ན་བ་ཡིན། རྩ་བཏང་རྗེས་ན་ཟུག་བདེ་རུ་འགྲོ་བ་ཡིན། རྩ་ལ་ཕལ་ཆེར་སྤྱིན་བག་གི་རྣམ་པ་དང་བེ་སྣབས་དང་རྣག་ཁྲག་འདྲེས་པ་ཡིན། ནད་འདི་ཡང་ཡང་དུ་ལྡང་བ་དང་། རྒྱུན་པར་ལྡང་བའི་དུས་དང་བདེ་བའི་དུས་གཉིས་རེས་མོས་སུ་འབྱུང་བ་ཡིན། མྱུར་གཤིས་སྐབས་སམ་མྱུར་དུ་ལྡང་བའི་སྐབས་སུ་རྒྱུན་པར་ཚ་ཆུང་ངུའམ་འབྲིང་ཙམ་བརྒྱག་པ་དང་། ཡང་ན་ཚ་མཐོན་པོ་བརྒྱག་པ་དང་སྙིང་ཕྱོད་ཇེ་མགྱོགས་སུ་འགྲོ་བའི་རྟགས་སོགས་ཡོད། ནད་ཡུན་རིང་ལ་རིམ་བཞིན་འཕེལ་ཞིང་རྒྱས་པ་ན་ལུས་ཀྱི་ཉམས་རྒུད་པ་དང་རིད་པ། ཁྲག་ཟད་པ། ཆུ་གློག་འབྱེད་རྫས་འཁྲུགས་པ་སོགས་འབྱུང་བ་ཡིན།

སྔོན་འགོག

ཟས་སྐོམ་མངར་སྐྱུར་གྱི་རིགས་དང་སྤྱོད་ལམ་དྲག་ཤུལ་གྱི་རིགས་ལ་འཛེམ་དགོས།

གསོ་ཐབས། 

1 དགོས་ངེས་ཀྱི་སྐབས་སུ་སྨན་པའི་མངགས་བཅོལ་ལྟར་མཁལ་སྟེང་གཤེན་རྨེན་པགས་རྫས་སྐུལ་རྩི་བསྟེན་དགོས། 

2 སྤྱིར་བཏང་མྱུར་དུ་ལྡང་བའི་སྐབས་སུ་ཁོང་ནད་ཞག་སྡོད་སྨན་ཁང་ལ་སོང་ནས་གསོ་བཅོས་བྱེད་འོས། དེ་ལྟར་མིན་པར་འགོར་འགྱངས་སུ་བཏང་ན་ཁུང་བུ་རྡོལ་བའམ་ཡང་ན་འབྲས་ནད་དུ་འགྱུར་བ་ཡིན།

3 བོད་ལུགས་གསོ་རིག་ལྟར་ན། འབྲས་བུ་སུམ་ཐང་སྟེང་བ་ལེ་ག་བསྣན་ཏེ་གཏོང་བ་དང་། འུ་སུ་ལྔ་པ། ཐང་ཆེན་ཉེར་ལྔ། གཡུ་དྲིལ་བཅུ་གསུམ། རུ་རྟ་དྲུག་པ། ལོང་རླུང་སེ་འབྲུ་བཅུ་གསུམ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་གཏོང་བ་དང་། སྤྱིར་ལོང་ནད་ཕལ་ཆེར་རླུང་ལ་བརྟེན་པས་སྣུམ་བཅོས་དང་འཇམ་རྩི། དུགས་སོགས་ཀྱིས་གསོ་དགོས།


སྐབས་སྔོན་མ། ལོང་འབྲས།
སྐབས་རྗེས་མ། མེད།
མཉམ་སྤྱོད།