དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལོང་འབྲས།

2025-10-30 16:21:17   |   29

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ལོང་འབྲས་ནི་རྒྱུན་མཐོང་གི་སྡུག་ཅན་སྐྲངས་འབྲས་ཤིག་ཡིན། དེའི་རྒྱུ་རྐྱེན་གསལ་བོ་མི་ཤེས། ཕལ་ཆེར་གཤམ་གྱི་རྒྱུ་རྐྱེན་འདི་དག་ལ་འབྲེལ་བ་ཡོད། གཅིག་ནི་ཟས་སྐོམ་མི་འཚམ་པ་ཟོས་པ་དང་། ཚི་སྣའི་ཟས་སྐོམ་ཟོས་ཉུང་བ་དང་། ཞག་ཚིལ་གྱི་རིགས་ཟོས་མང་བ་སོགས་དང་། གཉིས་པ་ནི་ལོང་ཀར་ཤ་མཛེར་སྐྱེས་པའི་ལོ་རྒྱུས་ཡོད་པ། གསུམ་ནི་དལ་གཤིས་ལོང་ཀའི་ཚ་ནད་འབྲས་ནད་དུ་འགྱུར་བ། བཞི་ནི་འབྲས་སྐྱེད་དངོས་པོ། ཟེ་ཨེན་ཕལ་བའི་རིགས་ཀྱི་འདྲེས་སྦྱོར་དངོས་རྫས་གཙོ་བྱས་པ་སོགས་ཡིན།

ནད་རྟགས།

གནས་ངེས་པ་མེད་པར་རྒྱུན་མཐུད་དེ་གསུས་པ་གསལ་ལ་མི་གསལ་བར་ན་བ། རྩ་གཏོང་བའི་གོམས་གཤིས་དང་རྩའི་རྣམ་པར་འགྱུར་ལྡོག་བྱུང་བ། མངོན་ཚུལ་མང་ཆེ་བ་ནི་རྩ་གཏོང་གྲངས་ཇེ་མང་དུ་འགྲོ་བ་དང་། གསུས་པ་བཤལ་བ། དྲི་མ་སྐམ་པ། དྲི་མར་ཁྲག་དང་རྣག་གམ་ཡང་ན་བེ་སྣབས་འདྲེས་པ་ཡིན། སྐབས་རེར་གསུས་པའི་གནས་སུ་སྐྲངས་རྡོག་རེག་ཐུབ་པ་དང་། དེ་དང་མཉམ་དུ་ཤུགས་མེད་པ་དང་། ལུས་པོ་རིད་པ་སོགས་ནད་རྟགས་འབྱུང་བ་ཡིན།

སྔོན་འགོག

ཟས་སྐོམ་ཚུལ་བཞིན་དུ་བསྟེན་པ་དང་། མ་གོམས་པའི་ཟས་དང་གྱོང་བོ་དང་ཚ་སྐྱུར་གྱི་རིགས། རུལ་སུངས་སུ་གྱུར་པ་ཅི་ནུས་ཀྱིས་སྤང་བ་དང་། ལོང་ནད་སོགས་བྱུང་ན་སྔ་མོ་ནས་བཅོས་ཏེ་ནད་གཞུག་མ་ལུས་པར་བྱ་དགོས།

གསོ་ཐབས།

1 གལ་སྲིད་གོང་གི་ནད་རྟགས་འདི་དག་ཡོད་ན། ནད་འདི་ཡིན་པར་དོགས་ཟོན་ནན་མོ་བྱེད་དགོས་པ་དང་། མྱུར་དུ་དངོས་གཞིའི་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ཏེ་ངོས་འཛི་ན་གསལ་བོ་ཞིག་བྱེད་དགོས་པ་དང་། འགོར་འགྱངས་སུ་གཏོང་མི་རུང་།

2 བོད་ལུགས་གསོ་རིག་ལྟར་ན། ནད་གསར་བའི་དུས་སུ་དྭངས་བཙོ(སེ་འབྲུ་དྭངས་གནས་ལ་བཙོ་ཐལ་བསྣན་པ)། བདེ་བྱེད་སྙོམས་ལྡན། ཅོང་ཞི་ཉེར་གཅིག ཅོང་ཞི་ཅུར་ནིས། གཡུ་དྲིལ་བཅུ་གསུམ། བཙོ་ཟླ་སོགས་བསྟེན་ཅིང་། འབྲས་ནད་སྨིན་པ་ཡིན་ན་རྡོ་ཐལ་ཉེར་ལྔའང་ཉེར་བདུན་བཏང་། གྲང་ཤས་ཅན་ལ་ན་ཟུག་མེད་པ་དང་ཚ་ཤས་ཅན་ལ་ན་ཟུག་ཆེར་འབྱུང་བས་གྲང་ཤས་ཆེ་ན། བདེ་བྱེད་སྙོམས་ལྡན། བེ་ཁྲག་ཉེར་ལྔ། བཅོ་ལྔ་དྲག་སྦྱོར། སེ་འབྲུ་དར་གདུགས། བདུད་རྩི་རིལ་དཀར། ཞི་བྱེད་ཉེར་དགུ་ཁ་ཚར(གླ་རྩི)ཅན། བཙོ་ཟླ། གྲང་སྦྱོར་སོགས་བཏང་། ཚ་ཤས་ཅན་ལ་ཟླ་ཤེལ་ཆེན་མོ། གཡུ་ཁྱུང་། མགྲོན་ཐལ་དང་ཅོང་ཞི་འཕྲུལ་ཐལ་གྱི་ཕྱེ་མ་གང་རུང་བདུད་རྩི་སུམ་སྦྱོར་དང་དྭགས་སྨན་བཅོ་ལྔ། ཅོང་ཞི་ཉེར་གཅིག་སོགས་དང་བུངས་མཉམ་དུ་བཏང་བས་ཕན།


མཉམ་སྤྱོད།