དེ་རིང་ནི2025ལོའི་ཟླ10པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​བོད་ཀྱི་བཙན་པོ་རྣམས་ལ་ཆེད་གཉེར་གྱི་བླ་སྨན་བསྐོ་བའི་ལུགས་སྲོལ་དེ་ཇི་ལྟར་དར་བ་ཡིན།

2025-10-24 08:40:55   |   130

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ཀྱི་སྨན་རྩིས་རྒྱུན་ཤེས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱི་ལོ་དུས་རབས་བཞི་པའི་ནང་འཕགས་ཡུལ་གྱི་སྨན་པ་བི་བྱི་དགའ་བྱེད་དང་། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྲས་མོ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་སྨན་པ་དུང་གི་ཐོར་ཅོག་ཅན་ཞུ་བ་དེས་ཆུང་ངུའི་དུས་ནས་རང་གི་ཡབ་ལས་རེག་པ་རྩའི་མདོ། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་བསྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོ་ཡི་མདོ་བཅས་དང་། དེ་དག་གི་འགྲེལ་བཤད་ཁོག་འབུགས། ལེའུ། ལག་ལེན་སོགས་གསན་ཏེ་མཁས་པར་གྱུར། རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་། དེའི་སྲས་ཁྲི་གཉན་བཟུང་བཙན་གཉིས་ཀྱི་བླ་སྨན་མཛད། འདི་ཉིད་ནི་བོད་ཡུལ་གྱི་ཆེད་གཉེར་སྨན་པའི་ཐོག་མ་ཡིན་པ་དང་། གཡུ་ཐོག་ཡོན་ཏན་མགོན་པོ་ཡང་གདུང་རུས་འདི་ལས་མཆེད་པར་གྲགས། དུང་གི་ཐོར་ཅོག་ཅན་གྱི་སྲས་བློ་གྲོས་ཆེན་པོ། དེའི་སྲས་བློ་གྲོས་མཚུངས་མེད། དེའི་སྲས་བློ་གྲོས་རབ་གསལ། དེའི་སྲས་བློ་གྲོས་རྒྱལ་མཛོད། དེའི་སྲས་བློ་གྲོས་བཤེས་གཉེན་བཅས་བྱུང་བ་དེ་རྣམས་ཀྱིས་རིམ་བཞིན་བོད་ཀྱི་རྒྱལ་པོ་འབྲོང་གཉན་ལྡེའུ་དང་། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ་བཅས་ཀྱི་བླ་སྨན་མཛད་དེ་སྲོལ་འདི་དར་བ་ཡིན།


སྐབས་སྔོན་མ། ཅི་ཞིག་ལ་རླུང་མཁྲིས་བད་ཀན་ཟེར།
སྐབས་རྗེས་མ། མེད།
མཉམ་སྤྱོད།