དེ་རིང་ནི2026ལོའི་ཟླ03པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱ་རིགས་ཀྱིས་རང་ཉིད་ཀྱི་སྒོ་ང་ངོས་ཟིན་ནམ།

2026-03-23 10:05:42   |   15

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། འདབ་ཆགས་ཀྱི་ཞིང་ཁམས།  བཤེར་འབེབས། རིན་ཆེན་ཚེ་རིང་།


11.jpg

སྒོ་ང་གཏོང་བའི་དུས་བསླེབས་པ་ན། བྱ་རིགས་ཀྱིས་སྒོ་ང་བཏང་ནས་རང་ཉིད་ཀྱི་རིགས་རྒྱུད་སྤེལ་བ་ཡིན། ཡིན་ནའང་། སྣང་ཚུལ་ཞིག་ཡོད་པ་ནི། གལ་ཏེ་ཁྱོད་ཀྱིས་སྒོ་ང་རུམ་པའི་མོ་བྱའི་འོག་ཏུ་བྱ་གག་གི་སྒོ་ང་བཞག་ཚེ། བྱ་མོས་སྒོ་ངའི་ཆེ་ཆུང་དང་། ཁ་དོག དབྱིབས་སོགས་ཀྱི་ཁྱད་པར་ཤེས་ནའང་། ད་དུང་རང་ཉིད་ཀྱི་སྒོ་ང་ཡིན་འདོད་དེ། མུ་མཐུད་དུ་སྒོ་ངའི་ཁ་དགད་རག་བར་དུ་རུམ་ཡིན་ངེས།

2.jpg

ཁྱོད་ཀྱིས་སྣང་ཚུལ་དེ་ཤེས་རྗེས། བྱ་རིགས་གཞན་དག་གིས་ཁྱིམ་བྱ་ལྟར་རང་ཉིད་ཀྱི་སྒོ་ང་ངོས་ཟིན་ནམ་ཞེས་དོགས་པ་སྐྱེ་ངེས་ཡིན། དེར་ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན། ཨ་རིའི་རྒྱལ་ཁབ་ཏུ་ཡོད་པའི་བུ་རྒོད་ཅིག་གིས་འགྱིག་གྲུག་དཀར་བོ་ཞིག་རང་གི་སྒོ་ངར་འདོད་དེ། ཐབས་བརྒྱ་ཇུས་སྟོང་གིས་ཚང་ནང་དུ་ཁྱེར་རྗེས། གཟའ་འཁོར་དུ་མར་དུམ་ནས་བུ་ཕྲུག་ཨེ་བ་ཀད་ལ་རེ་བ་དང་། ཆུ་སྐྱར་གྱིས་མཁའ་དབྱིངས་ནས་ཉ་ཡི་རིགས་ནི་ཞིམ་མངར་ལྡན་པའི་ཁ་ཟས་ཡིན་པ་ངོས་ཟིན་ཀྱང་། རང་ཉིད་ཀྱི་སྒོ་ང་ངོས་མི་ཟིན། རྒྱུ་མཚན་ནི་མི་ཞིག་གིས་ཆུ་སྐྱར་གྱི་ཚང་ནང་གི་སྒོ་ང་བླངས་རྗེས། ཤུལ་དུ་རྡོ་དང་ཞོག་ཁོག་བཞག་ཀྱང་། དེས་ངོས་མ་ཟིན་པར་དེ་དག་རུམ་ནས་བུ་ཕྲུག་དགད་བར་འབད་ཀྱིན་གདའ། 

3.png

གཞན་ཡང་། ཧོ་ལན་རྒྱལ་ཁབ་ཀྱི་བྱ་རིགས་མཁས་པ་ཐེན་པོ་ཅིན་གྱིས་སྔར་ཆུ་སྐྱར་གྱི་ཚང་ནང་དུ་སྤྲོ་སྟང་ལྡན་པའི་ཚོད་ལྟ་ཞིག་བྱས་མྱོང་། ཁོས་ཀ་ཟླུམ་དང་། གཟེ་དབྱིབས། གྲུ་བཞི་ཁ་གང་མའི་ཤིང་ཆས་དག་ལ་ཆུ་སྐྱར་གྱི་སྒོ་ངའི་ཚོན་མདོག་བྱུགས་ནས་ཚང་ནང་དུ་བཞག་རྗེས། ཆུ་སྐྱར་གྱིས་སྒོང་དབྱིབས་དང་གཏན་ནས་མི་འདྲ་བའི་དངོས་གཟུགས་དག་ངོས་ཟིན་མིན་ལ་བརྟག་དཔྱད་བྱས། མཇུག་མཐའ་བྱ་རིགས་མཁས་པས་ཤེས་རྟོགས་བྱུང་བ་ནི། གྲུ་ག་ལྡན་པ་དང་། ངོས་འཇམ་པོ་མིན་པའི་སྒོ་ང་རྫུན་མ་ལས། སྒོ་ང་རྫུན་མ་གཞན་དག་ངོས་མ་ཟིན། གནས་ཚུལ་འདི་དག་ལས་གསལ་བཤད་བྱེད་ཐུབ་པ་ནི་བྱ་རིགས་ཀྱིས་རང་ཉིད་ཀྱི་སྒོ་ང་ངོས་མི་ཟིན།


མཉམ་སྤྱོད།