དེ་རིང་ནི2026ལོའི་ཟླ04པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚན་རིག་དང་མཐུན་པའི་སྒོ་ནས་ཁྲག་ཚིལ་ཇེ་དམའ་རུ་གཏོང་ཐབས།

2026-04-17 10:40:37   |   192

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20251013150821_9_40.jpg

གཅིག ཞག་ཚིལ་བཟང་བོ་མང་ཟ་དང་ཞག་ཚིལ་ངན་པ་ཉུང་ཟ་བྱ་དགོས།

"ཞག་ཚིལ་ངན་པ"ཇེ་ཉུང་དུ་གཏང་དགོས་ཏེ། ཚད་ལོངས་ཞག་ཚིལ(ཤ་དམར་པོ། མར་ལྡན་འོ་མའི་ཐོན་རྫས། སྣུམ་སེར། ཏ་ལང་སྣུམ)དང་ལྡོག་ཚུལ་ཞག་ཚིལ(སྣུམ་བཙོས་ཟས་རིགས་དང་ཏན་ཞིམ། མིས་བཟོས་སྣུམ་སེར། ཐུམ་སྒྲིལ་སིལ་ཟས)ལ་ཚོད་འཛིན་ནན་མོ་བྱ་དགོས། དེ་དག་ནི"མཁྲིས་རྒྱུ་གཤེར་རྩི་ངན་པ"ཇེ་མཐོར་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན།

图片1.png

"ཞག་ཚིལ་བཟང་བོ"ཇེ་མང་དུ་གཏང་དགོས་ཏེ། ཚད་ལོངས་མིན་པའི་ཞག་ཚིལ་བསྡུ་ལེན་ཚད་འོས་འཚམ་ངང་ཇེ་མང་དུ་གཏང་དགོས། དཔེར་ན། སྐྱུ་རུ་རའི་སྣུམ་དང་མར་སིལ། མཁྲེགས་ཏོག(སྟར་ཀ་དང་ཁམ་བུ) དེ་བཞིན་མཚོ་གཏིང་གི་ཉ(ཤ་དམར་ཉ་དང་གསེར་མདུང་ཉ)བཅས་ཡིན།

གཞན་ཡང་ཉིན་རྒྱུན་ཞུ་ཐུབ་པའི་བཟའ་བཅའི་ཚི་སྣ་ཇེ་མང་དུ་གཏང་དགོས། དེས་ནུས་ལྡན་སྒོས་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་གཏོང་ཐུབ། དཔེར་ན། ཡུག་གྲོ་དང་གྲོ་རིགས། སྲན་རིགས། ཀུ་ཤུ། ཚ་ལུ་མའི་རིགས་ཀྱི་ཤིང་ཏོག ལ་ཕུག་སོགས་ལྟ་བུ།

གཉིས། སྤྲི་དཀར་རྫས་སྤུས་ལེགས་དང་ཐཱན་ཆུ་འདེམ་པ།

ཤ་དཀར་པོས་ཤ་དམར་པོའི་ཚབ་བྱ་དགོས་ཏེ། བྱ་ཤའི་བྲང་ཤ་དང་ཉ་ཤ་སོགས་ཤ་དཀར་པོ་མང་ཟ་བྱེད་པ་དང་། དེ་བཞིན་དུ་སྲན་མའི་ཐོན་རྫས(སྲན་ཞོ་དང་སྲན་ཁུ)ལྟ་བུའི་རྩི་ཤིང་གི་སྤྲི་དཀར་གདམ་དགོས།

བཟའ་བཅའ་གཙོ་བོར་འབྲུ་རིགས་སྡེབ་གང་ཐུབ་བྱ་དགོས། འབྲུ་རིགས(འབྲས་མདོག་ཅན་དང་གྲོ་ཡི་སོབ་གོར)དང་སྲན་བསྲེས། ཞོག་ཁོག་བཅས་མང་དུ་བདམས་ནས་འབྲས་སྤུས་དག་དང་ཕྱེ་དཀར་ཁག་ཅིག་གི་ཚབ་བྱས་ན། ཁྲག་མངར་གློ་བུར་དུ་ཡར་འཕར་བར་སྔོན་འགོག་བྱེད་ཐུབ་པས་ཁྲག་ཚིལ་ཚོད་འཛིན་བྱེད་པར་ཕན་པ་ཡོད།

གསུམ། གཟའ་འཁོར་རེར་སྐར་མ150ལ་ཆོས་ཉིད་ལྡན་པའི་འགུལ་སྐྱོད་བྱེད་པ།

དབྱང་ལྡན་འགུལ་སྐྱོད་གཙོ་བོར་འཛིན་པ་སྟེ། གཟའ་འཁོར་རེར་ཉུང་མཐའ་ཡང་སྐར་མ150ཡི་དྲག་ཚད་འབྲིང་རིམ་གྱི་དབྱང་ལྡན་འགུལ་སྐྱོད(དཔེར་ན་མགྱོགས་འགྲོ་དང་དལ་རྒྱུག ཆུ་རྐྱལ་བ། ལྕགས་རྟ་ཞོན་པ)བྱ་དགོས། འགུལ་སྐྱོད་བྱེད་སྐབས་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་འགྲོ་བ་དང་རྔུལ་ཆུ་ཅུང་ཙམ་བཞུར་ན་འོས་འཚམ་ཡིན།

སྟོབས་ཤུགས་སྦྱོང་བརྡར་ཇེ་མང་དུ་གཏང་དགོས་ཏེ། གཟའ་འཁོར་རེར་སྟོབས་ཤུགས་སྦྱོང་བརྡར(ལག་གཏུན་འགྱོག་པ་ལྟ་བུ)ཐེངས་གཉིས་ཙམ་བྱ་དགོས། ཤ་གནད་ཀྱི་ཚད་ཇེ་མང་དུ་བཏང་ན་རྨང་གཞིའི་བརྗེ་ཚབ་ཇེ་མཐོར་གཏོང་ཐུབ།

བཞི། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་དང་རྐེད་པ་ཇེ་ཕྲ་རུ་གཏང་དགོས།

ལྗིད་ཚད་ཚད་ལས་བརྒལ་བ་དང་ཚོ་ཆེ་བ། ལྷག་པར་དུ་གསུས་པ་ཚོ་ཆེ་བ་ནི་ཁྲག་ཚིལ་རྒྱུན་ལྡན་མིན་པའི་སྐུལ་འདེད་ནུས་པ་གལ་ཆེན་ཞིག་ཡིན། ལུས་པོའི་ལྗིད་ཚད་སྟོན་གྲངས(BMI)18.5ནས23.9བར་ཚོད་འཛིན་བྱ་དགོས། སྐྱེས་པའི་རྐེད་འཁོར་ལི་སྨི90མན་དུ་ཚོད་འཛིན་བྱེད་པ་དང་བུད་མེད་ཀྱི་རྐེད་འཁོར་ལི་སྨི85མན་དུ་ཚོད་འཛིན་བྱ་དགོས།

ལྔ། ཐ་མག་གཅོད་པ་དང་ཆང་གང་ཐུབ་ཀྱིས་མི་འཐུང་བ།

ཐ་མག་གཅོད་པ་སྟེ། ཐ་མག་འཐེན་ན་ཐད་ཀར་ཁྲག་རྩའི་ནང་པགས་ལ་གནོད་པ་དང་། མཁྲིས་རྒྱུ་གཤེར་རྩི་ངན་པ་སྙིགས་བསགས་ཇེ་དྲག་ཏུ་བཏང་སྟེ། ཁྲག་ཚིལ་གྱི་གནད་དོན་ཚབས་ཇེ་ཆེར་འགྲོ་སྲིད། དེར་བརྟེན། ཁྲག་ཚིལ་ཇེ་དམའ་རུ་གཏོང་བར་ཐ་མག་ངེས་པར་དུ་གཅད་དགོས།

ཆང་ལ་ཚོད་འཛིན་བྱེད་པ་སྟེ། ཆང་བཅུད་ཀྱིས་ཞག་ཚིལ་འདྲེས་གྲུབ་ལ་སྐུལ་འདེད་དང་ཀན་སྣུམ་ཞག་གསུམ་ཇེ་མཐོར་གཏོང་བས། ཆང་མ་འཐུངས་ན་རབ་ཡིན།


མཉམ་སྤྱོད།