དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐྱེར་ཤུན་བརྒྱད་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-08-28 10:07:34   |   154

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

སྐྱེར་ཤུན་བརྒྱད་པ། 

སྐྱེར་ཤུན་སྲང་གསུམ།  པི་ལིང་ཞོ་བཞི།  སྐྱུ་རུ་སྲང་དོ་ཞོ་ལྔ།  ཤིང་མངར་སྲང་གང་།  གུར་གུམ་སྲང་གང་ཞོ་ལྔ།  ཁ་གུར་ཞོ་དོ།  དོམ་མཁྲིས་སྐར་གཉིས། གླ་རྩི་སྐར་གཅིག་ཞོ་གཉིས།  རྒྱ་སྣག་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

སྐྱེར་ཤུན་བརྒྱད་པ་བཟི་མེད་བསིལ་འབྲིང་འདིས།  མཁལ་མར་ཚ་བ་ཞུགས་དང་མཁལ་གཅོང་དང་།  མཁལ་མ་ཆུ་ཤོར་རྩ་འགྲམས་ནད་དག་གིས།  ཁྲག་དང་གྲང་བ་སྡོམ་འཛག་ཆུ་ལམ་ཚ།  མཁལ་རྐེད་རུས་ཚིགས་ཁ་འཁོར་ཟུག་གཟེར་ལངས།  མཚན་མའི་རྩ་ལ་ན་ཟུག་ཤིན་ཏུ་ཚེ།  གཅིན་པ་འབབ་དཀའ་ཡང་སེ་གཏོང་འདོད་སྣང་།  ཁྱད་པར་ཚ་འཛག་ཆུ་ལམ་ཚ་བར་ཕན།  ཡང་ན་ནད་འདི་གཉན་ཤས་ཆེ་བ་ལ།  ན་ཟུག་ཉིན་མཚན་མི་འཁྱོལ་གཏོང་བ་ན།  གླ་རྩི་ལྔ་པ་བསྣན་ཏེ་བཏང་ན་ལེགས།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།