དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཞོན་ནུ་ལོ་ཆུང་གིས་གློག་རྡུལ་ཐ་མག་འཐེན་ན་གནོད་འཚེ་གང་དག་ཡོད་དམ།

2024-08-28 08:37:12   |   209

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

གཅིག   གློ་བའི་བྱེད་ནུས་ལ་ཤུགས་རྐྱེན་ངན་པ་ཐེབས་པ། 

གློག་རྡུལ་ཐ་མག་མང་ཆེ་བ་ཡི་གྲུབ་ཆ་གཙོ་བོ་ནི་དུ་དུག་གམ་ཉི་ཀུའུ་ཏིང་ཡིན་པ་དང་། ཉི་ཀུའུ་ཏིང་ནི་དུག་ཤེད་ཆེ་བའི་རྫས་འགྱུར་དངོས་པོར་གཏོགས། གཞོན་ནུ་ལོ་ཆུང་རྣམས་ཀྱི་དབུགས་ལམ་མ་ལག་ད་དུང་འཚར་ལོངས་བྱུང་མེད་པས། དུག་སྨུག་ཅན་གྱི་སྐྱེ་དངོས་དེའི་རིགས་ཀྱིས་གློ་བར་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ། བཀོལ་སྤྱོད་ཡག་པོ་མ་བྱས་ཚེ་ཐ་མག་ལས་དུག་ཕོག་པ་སོགས་བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་ཀྱང་བཟོ་སྲིད།

གཉིས།   ཀླད་པའི་འཚར་སྐྱེ་ལ་ཤུགས་རྐྱེན་ཐེབས་པ།

སྲོལ་རྒྱུན་གྱི་ཐ་མག་དང་གློག་རྡུལ་ཐ་མག་གང་ཞིག་འཐེན་ཡང་། ཉི་ཀུའུ་ཏིང་གློ་བའི་ནང་འགྲོ་བ་དང་། དེ་ནས་ཁྲག་རྒྱུན་འཁོར་རྒྱུག་བརྒྱུད་ནས་ཀླད་པའི་ནང་ལ་སོང་སྟེ། ཀླད་པའི་ནང་དུ་ཏུའོ་པ་ཨེན་འབོར་ཆེན་བསྐྱེད་པ་ཡིན། 

གསུམ།  གློག་རྡུལ་ཐ་མག་ལ་ལོབས་ན་གཅོད་དཀའ་བ་ཡིན།

 གཞོན་ནུ་ལོ་ཆུང་རྣམས་གློག་རྡུལ་ཐ་མག་ལ་དབྱིངས་ཞུགས་སླ་བར་མ་ཟད། དེའི་འབྲིད་སློང་འོག་སྲོལ་རྒྱུན་ཐ་མག་འཐེན་ཡང་སྲིད། 

བཞི།  བདེ་ཐང་ལ་ཉེན་ཁ་མང་པོ་ཡོད།

སྲོལ་རྒྱུན་ཐ་མག་གི་ཁ་གསབ་ཏུ་གྱུར་པའི་གློག་རྡུལ་ཐ་མག་ལ་བདེ་འཇགས་དང་བདེ་ཐང་གི་ཉེན་ཁ་མང་པོ་ཡོད་དེ། རྒྱུ་ཆ་འདེམས་པ་དང་སྦྱོར་རྟ་བེད་སྤྱོད། བཟོ་རྩལ་ཇུས་འགོད། སྤུས་ཚད་ཚོད་འཛིན་སོགས་ཀྱི་ཐད་གང་དགར་བྱེད་པ་ཚབས་ཆེ་ལ། ཐོན་རྫས་ཁག་ཅིག་ལ་སྣུམ་འཛག་པ་དང་གློག་རྫས་ཞན་པ། བདེ་འཇགས་མིན་པའི་གྲུབ་ཆ་སྣོན་པ་སོགས་སྤུས་ཚད་བདེ་འཇགས་ཀྱི་གནད་དོན་ཡང་ཡོད། 


མཉམ་སྤྱོད།