དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དཀར་རུ་མཉམ་བསྲེས་ཀྱི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-08-27 08:53:23   |   184

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

དཀར་རུ་མཉམ་བསྲེས།

བུལ་ཏོག་སྲང་གང་ཞོ་ལྔ། ཚྭ་ལ་སྲང་གང་། ཅོང་ཞི་སྲང་གང་། མ་ནུ་སྲང་གང་། རྒྱམ་ཚྭ་ཞོ་ལྔ། སྒ་སྐྱ་སྲང་གང་། ཡ་བཀྵ་ར་ཞོ་བརྒྱད། སྐྱུ་རུ་སྲུང་དོ་ཞོ་ལྔ། རུ་རྟ་སྲང་གང་ཞོ་ལྔ། སེ་འབྲུ་སྲང་གཉིས། པི་ལིང་ཞོ་ལྔ། བ་ཤ་ཀ་སྲང་གང་ཞོ་དོ། སུག་སྨེལ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

དཀར་རུ་མཉམ་བསྲེས་བཟི་མེད་དྲོད་ནུས་མྱུར། སྨུག་པོ་འཐབ་དང་མ་ཞུ་གསར་རྙིང་གིས། ཕོ་བའི་སྦོས་འཁྲོག་གཟེར་དང་སྒྲེགས་སྐྱུགས་མང་། དང་ག་མི་བདེ་ཟོས་རྗེས་ན་ཟུག་ལྡང་། སྐབས་ལ་ཁོག་པ་ཚ་ཞིང་ཆུ་སྐྱུར་ལངས། ཁྱད་པར་མ་ཞུའི་ནད་རིགས་བཅས་ལ་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར། 


མཉམ་སྤྱོད།