དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དཀར་པོ་དྲུག་སྦྱོར་གྱི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-08-26 10:10:45   |   251

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

དཀར་པོ་དྲུག་སྦྱོར། 

བུལ་ཏོག་སྲང་དོ་ཞོ་ལྔ། ཚྭ་ལ་ཞོ་བརྒྱད། ཅོང་ཞི་ཚ་འདུལ་སྲང་གང་། མ་ནུ་སྲང་གང་། རྒྱམ་ཚྭ་ཞོ་གསུམ། ཡ་བཀྵ་ར་ཞོ་ལྔ། སྒ་སྐྱ་ཞོ་བརྒྱད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

དཀར་པོ་དྲུག་སྦྱོར་བཟི་མེད་ཅུང་ཟད་དྲོ། སྙིགས་མ་མ་ཞུ་རང་སར་ལུས་པ་དང་། མ་ཞུ་རྙིང་ནས་ཟས་སྐྲན་འདྲིལ་བ་ཡིས། ཕོ་བ་སྦོས་འཁྲོག་གཟེར་དང་སྒྲེགས་སྐྱུགས་བྱེད། ཟས་སྐོམ་བྲོ་བ་མི་ཚོར་ལྷག་པར་དུ། མ་ཞུའི་ཟས་གྲས་སླར་ཟོས་ན་ཟུག་ལྡང་། སྐབས་རེ་རྐང་བོལ་གདོང་དང་མིག་ལྤགས་སྐྲངས། གཞན་ཡང་མིག་ལ་སྐྱ་འགྲིབ་བྱུང་བ་སོགས། ཟས་སྐོམ་མ་ཞུའི་ནད་རིགས་སེལ་བར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།