དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཉིད་ལོག་སྟངས་ལ་ཆོས་ཉིད་མེད་ན་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ།

2024-08-21 14:59:47   |   227

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


微信图片_20240821152718.png

ཨ་རིའི་པུ་ལིའེ་ཀེན་ཧོ་སྐྱེས་མའི་སྨན་ཁང་གིས་སྣེ་ཁྲིད་པའི་ཞིབ་འཇུག་གསར་བ་ཞིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། གཉིད་ལོག་པའི་དུས་ཚོད་ལ་ཆོས་ཉིད་མེད་པ་དང་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་གཉིས་ཀྱི་བར་འབྲེལ་བ་ངེས་ཅན་ཡོད་པ་དང་། གཉིད་ལོག་པའི་དུས་ཚོད་ལ་ཆོས་ཉིད་མེད་པའི་མི་རྣམས་ལ་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ནི་ལོ་ཚོད་གཅིག་པའི་མི་གཞན་དག་དང་བསྡུར་ན34%ཡིས་མཐོ་བ་རེད། ཞིབ་འཇུག་ལྟར་ན། གཏན་འཇགས་ཀྱི་གཉིད་ལོག་སྟངས་རྒྱུན་འཁྱོངས་བྱས་ཚེ་གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་བྱ་ཐུབ།

གཅིན་སྙི་ཟ་ཁུའི་ནད་ཀྱིས་གོ་ལ་ཧྲིལ་བོའི་མི་དུང་ཕྱུར5ལྷག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅིང་། ཤི་བ་དང་དབང་བོ་སྐྱོན་ཅན་དུ་གཏོང་བའི་རྒྱུ་རྐྱེན་ཆེན་པོ་བཅུའི་ཁྲོད་ཀྱི་གཅིག་ཡིན། ཚོད་རྩིས་བྱས་པ་ལྟར་ན།  2050ལོར་སླེབས་ཚེ། གཅིན་སྙི་ཟ་ཁུའི་ནད་པའི་ཁ་གྲངས་ལྡབ་གཅིག་འཕར་ནས། མི་གྲངས་དུང་ཕྱུར13ལ་བསླེབ་རྒྱུ་ཡིན་པ་དང་། གནས་བབ་འདིས་གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་བྱེད་ཐབས་གསར་སྒྱུར་བྱ་རྒྱུའི་དགོས་ངེས་རང་བཞིན་མངོན་པར་མཚོན་ཡོད། 

ཞིབ་འཇུག་གསར་བ་འདིས་དབྱིན་ཇིའི་སྐྱེ་དངོས་མཛོད་ཞིབ་འཇུག་ཁྲོད་ཀྱི་ཞིབ་འཇུག་ལ་ཞུགས་མཁན་མི84000ལྷག་གི་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་བརྒྱུད། གཉིད་ལོག་པ་དང་གཅིན་སྙི་ཟ་ཁུའི་ནད་བར་གྱི་འབྲེལ་བར་བརྟག་དཔྱད་བྱས། ཞིབ་འཇུག་ལ་ཞུགས་མཁན་དག་གི་ཆ་སྙོམས་ལོ་ཚོད་ནི་ལོ62ཡིན་ལ། དང་ཐོག་ཚང་མར་གཅིན་སྙི་ཟ་ཁུའི་ནད་མེད། ཁོ་ཚོས་བསྟུད་མར་ཞག7ལ་འགྲོས་སྣོན་རྩིས་ཆས་གྱོན་ཏེ་ཉལ་བ་དང་། ཞིབ་འཇུག་མི་སྣས་ཁོ་ཚོར་ལོ7.5ལྷག་རིང་གི་རྗེས་སྙེག་བཅར་འདྲི་བྱས་ཤིང་། གཙོ་བོ་གསོ་བཅོས་ཟིན་ཐོ་བཀོད་པ་བརྒྱུད་གཅིན་སྙི་ཟ་ཁུའི་ནད་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྗེས་འདེད་བརྟག་དཔྱད་བྱས། 

ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བ་ལྟར་ན། ཉེན་ཁའི་རྒྱུ་རྐྱེན་མང་པོ་ཞིག་ལ་སྙོམ་སྒྲིག་བྱས་རྗེས།  གཉིད་ལོག་པའི་དུས་ཚོད་ཇི་ཙམ་ཆོས་ཉིད་དང་མི་མཐུན་ན། གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་དེ་ཙམ་མཐོ་བར་མ་ཟད། འབྲེལ་བ་འདིའི་རིགས་གཉིད་ལོག་པའི་དུས་ཚོད་ཅུང་རིང་བ་དང་གཅིན་སྙི་ཟ་ཁུའི་གཞི་རྒྱུ་མང་པོའི་ཉེན་ཁའི་དཔྱད་བསྡུར་སྐར་གྲངས་ཅུང་དམའ་བའི་མི་ལ་དེ་བས་ཀྱང་མངོན་གསལ་རེད།   གཞི་གྲངས་ལས་མངོན་པ་ལྟར་ན། ཞིབ་འཇུག་ལ་ཞུགས་མཁན་དག་ལས་གཉིད་ལོག་སྟངས་ལ་ཆོས་ཉིད་ཡོད་པའི་མི་དང་བསྡུར་ན། གཉིད་ལོག་སྟངས་ལ་ཆོས་ཉིད་མེད་པའི་མི་ལ་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ34%ཡིས་མཐོ་བ་རེད། 


མཉམ་སྤྱོད།