དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐྱེར་རྩིའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-08-29 09:52:02   |   153

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

སྐྱེར་རྩི། 

སྐྱེར་ཤུན་སྲང་དོ། པི་ལིང་ཞོ་བཞི། སྐྱུ་རུ་སྲང་དོ་ཞོ་ལྔ། ཤིང་མངར་སྲང་གང་། གུར་གུམ་སྲང་གང་ཞོ་ལྔ། ཁ་གུར་ཞོ་གསུམ། རྒྱ་སྣག་སྲང་གང་ཞོ་ལྔ། ཨ་རུ་སྲང་དོ། རུ་རྟ་སྲང་གང་། ཤུ་དག་སྲང་གང་། གུལ་ནག་ཞོ་ལྔ། སྨན་ཆེན་ཞོ་བརྒྱད། དོམ་མཁྲིས་སྐར་གཉིས། གླ་རྩི་སྐར་ཕྱེད་གཉིས་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

སྐྱེར་རྩི་བསིལ་ལ་བཟི་ཅུང་ཡོད་པ་འདིས། གྲང་བའི་ཁམས་ཀྱིས་ཚ་འཛག་བྱེད་པ་དང་། ཁུ་བ་དཀར་དམར་འཛག་ཅིང་ཆུ་ལམ་ཚ། མོ་ནད་ཁམས་འཛག་ཆུ་ལམ་ཚ་ཤར་བྱེད། གཅིན་པ་བཏང་རྗེས་ཚ་ཤར་ཧ་ཅང་ཆེ། ཁུ་བ་ཁྲག་འཛག་གྲང་བའི་ནད་འབུ་འཇོམས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།