དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀོ་བྱིལ་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-08-30 09:27:24   |   138

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

ཀོ་བྱིལ་བཅུ་གསུམ།

 ཀོ་བྱི་ལ་ཞོ་བརྒྱད། ཨར་ནག་དང་ཨ་གར་གོ་སྙོད་ཞོ་ལྔ། སླ་ཏྲེས་སྲང་གང་ཞོ་དོ། ཀཎ་ཌ་རི་སྲང་གང་ཞོ་ལྔ། རུ་རྟ་ཞོ་ལྔ། མ་ནུ་སྲང་གང་ཞོ་ལྔ། ཨ་རུ་སྲང་གང་། སྒ་སྐྱ་ཞོ་ལྔ། ཛཱ་ཏི་ཞོ་དོ། སྙིང་ཞོ་ཞོ་བཞི། གུལ་ནག་ཞོ་གསུམ། ཚེར་སྔོན་སྲང་གང་ཞོ་ལྔ། བཙོད་ཞོ་བརྒྱད་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཀོ་བྱིལ་བཅུ་གསུམ་བཟི་མེད་ཅུང་ཟད་བསིལ། ཁྲག་རླུང་འཐབ་པས་དབུགས་འཚངས་སྟོད་གཟེར་ཆེ། འབམ་རིགས་གྱེན་ལོག་སྟོད་འཁྲུགས་མགོ་བོ་གཟེར། མིག་དམར་སོ་རྐན་རྒྱས་དང་སྣ་ཁྲག་འཛགས། སྟོད་འཚངས་སེལ་ཞིང་ཁྲག་ངན་སྨད་དུ་འབེབས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།