དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀོ་ཁྲག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-09-02 14:29:08   |   167

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

ཀོ་ཁྲག

ཀོ་བྱིལ་ཞོ་བརྒྱད། ཨར་ནག་དང་ཨ་གར་གོ་སྙོད་གཉིས་ཞོ་དྲུག  སླེ་ཏྲེས་སྲང་གང་ཞོ་དོ། ཀཎ་ཌ་ཀ་རི་སྲང་གང་ཞོ་ལྔ། རུ་རྟ་སྲང་གང་། མ་ནུ་སྲང་དོ། ཨ་རུ་སྲང་གང་། སྒ་སྐྱ་ཞོ་ལྔ། ཛཱ་ཏི་ཞོ་གསུམ། སྙིང་ཞོ་ཞོ་ལྔ། གུལ་ནག་ཞོ་གསུམ།  ཚེར་སྔོན་སྲང་གང་ཞོ་ལྔ། འབྲི་མོག་སྲང་དོ། ཅོང་ཞི་ཚ་འདུལ་སྲང་གང་། བ་ཤ་ཀ་སྲང་གང་། སྐྱུ་རུ་སྲང་གང་ཞོ་ལྔ། ཤིང་མངར་སྲང་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

ཀོ་ཁྲག་མཉམ་བསྲེས་བཟི་མེད་ཅུང་ཟད་བསིལ།  རླུང་ཁྲག་འཁྲུགས་པས་སྟོད་དང་བྲང་ཁོག་སྟེང་། གཟེར་ལངས་དབུགས་བཀག་གློ་མང་ཁ་ལྕེ་སྐམ། ངན་ཁྲག་སྟོད་དུ་འཚངས་པ་རང་སར་འཇོམས། ཁྱད་པར་རྒན་འཁོགས་ཁྲག་རླུང་མཐོ་བའི་རིགས། སྨད་དུ་འབེབས་དང་རང་སར་གཅོག་པར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།