དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀོ་ལ་བཅུ་གཅིག་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-09-03 10:27:40   |   185

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

ཀོ་ལ་བཅུ་གཅིག

 ཀོ་ལའི་འབྲུ་ཞོ་དགུ། རྒྱ་ཚོས་སྲང་གང་། བཙོད་སྲང་གང་། ཨ་རུ་སྲང་གང་ཞོ་བརྒྱད། མཚེ་གཞོན་སྲང་གང་། རུ་རྟ་སྲང་གང་ཞོ་གཉིས། ལི་ཤི་ཞོ་གསུམ་སྐར་ལྔ། སུག་སྨེལ་ཞོ་ལྔ། མ་ནུ་སྲང་གང་། གསེར་མེ་ཞོ་གསུམ། པི་ལིང་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཀོ་ལ་བཅུ་གཅིག་བཟི་མེད་བསིལ་དྲོད་སྙོམས། མཚེར་པ་འགྲམས་སམ་ཚ་གྲང་འཐབ་པ་དང་། མཚེར་སྟེང་གཟེར་ཞིང་ལྕེ་ཁྲ་མཆུ་ཏོ་སྨུག  ཕོ་བ་ལྕི་ཞིང་སྦོས་འཁྲོག་མ་མཆུ་འཕྱངས། ཁ་ཟས་འཇུ་སྟོབས་ཞན་དང་རྟུག་དྲི་མང་། མ་ཞུ་མཚེར་ནད་སྤྱི་ལ་ཕན་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།