དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་བོད་སྨན་ཁང་གི་ལུམས་བཅོས་བརྡ་ཐོ།

2024-09-03 11:22:11   |   186

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱ་ཆེའི་མང་ཚོགས་རྣམ་པ། 

མཚོ་བྱང་ཁུལ་བོད་སྨན་ཁང་གི་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ཚན་སྨན་ལུམས་ཚན་ཁག་གིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་སྐུ་ལུས་བདེ་ཐང་དང་གསོ་བཅོས་ཀྱི་འདོད་བློ་སྐོང་ཆེད།  བོད་ལུགས་གསོ་རིག་ལས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་གསོ་ཐབས་ཏེ་འཛམ་གླིང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པའི་བདུད་རྩི་ལྔ་ལུམས་གསང་བ་རྒྱུད་པའི་མན་ངག་ལྟར་ལག་ལེན་བྱེད་བཞིན་ཡོད་པས། ནད་ཐོག་ཏུ་དྲེག་དང་གྲུམ་བུ། རླུང་ནད་དཔུང་འཇའ། མཁལ་འགྲམས། རྩ་དཀར་གྱི་ནད། པགས་ནད་གླང་ཤུ་དང་སྲིན་ཐོར་སོགས་ལ་ཕན་བསྐྱེད་མི་དམན་པ་བྱུང་དང་འབྱུང་བཞིན་ཡོད། 

ད་ལོའི་ལུམས་བཅོས་བྱ་བ་སྤྱི་ཟླ9པའི་ཚེས2ཉིན་ནས་བཟུང་དངོས་སུ་མགོ་རྩོམ་རྒྱུ་ཡིན་པས། རྒྱ་ཆེ་བའི་ནད་པ་རྣམས་དུས་ལྟར་མཚོ་བྱང་ཁུལ་བོད་སྨན་ཁང་དུ་ཕེབས་ནས་གསོ་བཅོས་བྱ་རྒྱུ་མཁྱེན།

འབྲེལ་གཏུག་ཁ་པར།
       15109700099ཡང་ན13897509333                               
     མཚོ་བྱང་ཁུལ་བོད་སྨན་ཁང་།
    སྤྱི་ལོ2024ལོའི་ཟླ9པའི་ཚེས2ཉིན།


མཉམ་སྤྱོད།