དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐྱ་འགྲིབ་མིག་ནད་ཀྱི་རྒྱུན་མཐོང་གི་ངོས་འཛིན་ནོར་འཁྲུལ་ཅན་འགའ།

2024-09-05 08:54:10   |   227

རྩོམ་སྒྲིག  དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས།  རིན་ཆེན་ཚེ་རིང་།


00.jpg

ནོར་འཁྲུལ་དང་པོ། མིག་མདུན་དུ་དངོས་པོ་ཞིག་བསྐྱོད་པའི་ཚོར་བ་ཡོད་པ་ནི་སྐྱ་འགྲིབ་མིག་ནད་ཡིན་ནམ།

མིག་མདུན་དུ་དུག་སྦྲང་ཞིག་བསྐྱོད་པ་ལྟ་བུའི་ནད་རྟགས་ཡོད་པ་ནི“འཕུར་སྦྲང་ནད”ཅེས་པ་ཡིན་ལ། དེ་ནི་མིག་གི་ཤེལ་གཟུགས་རྙོག་པ་ལས་བྱུང་བ་དང་། མིག་རྩའི་ནད་རྟགས་ཤིག་ཡིན་པ་མ་གཏོགས་སྐྱ་འགྲིབ་མིག་ནད་དང་འབྲེལ་བ་མེད།

1.jpg

ནོར་འཁྲུལ་གཉིས་པ། སྐྱ་འགྲིབ་མིག་ནད་ལ་མིག་སྨན་གཏུགས་ན་གསོ་བཅོས་བྱེད་ཐུབ་བམ།

མིག་སྨན་གྱིས་སྔ་དུས་ཀྱི་སྔོན་འགོག་ནུས་པ་ཐོན་སྲིད་མོད། སྐྱ་འགྲིབ་མིག་ནད་རྩ་བ་ནས་གསོ་བཅོས་བྱེད་མི་ཐུབ་པས། གསོ་བཅོས་བྱེད་ན་ངེས་པར་དུ་གཤགས་བཅོས་བྱ་དགོས།

2.jpg

ནོར་འཁྲུལ་གསུམ་པ། སྐྱ་འགྲིབ་མིག་ནད་བྱུང་ནས“སྨིན”ན་ད་གཟོད་གཤགས་བཅོས་བྱ་དགོས་སམ།

“སྨིན”ཟིན་པའི་སྐྱ་འགྲིབ་མིག་ནད་ཀྱིས་ལྗང་འགྲིབ་མིག་ནད་དང་མིག་གི་གཉན་ཚད་སློང་བར་མ་ཟད། གཤགས་བཅོས་བྱེད་དུས་སྒྲ་འདས་གཤེར་གཟུགས་འདྲེས་སྦྱོར་གྱིས་སྤྱོད་པའི་ནུས་ཚད་ཀྱང་ཆེ་རུ་ཕྱིན་ནས་གཤགས་བཅོས་ཀྱི་ཉེན་ཁ་ཇེ་ཆེར་གཏོང་སྲིད་པས། སྐྱ་འགྲིབ་གཤགས་བཅོས་ནི་སྔ་དུས་ནས་བྱས་ན་བཟང་། ད་ལྟ་སྐྱ་འགྲིབ་མིག་ནད་གཤགས་བཅོས་བྱེད་པར་སྒྲ་འདས་གཤེར་གཟུགས་འདྲེས་སྦྱོར་དངFSསྐུལ་འོད་གཤགས་བཅོས་ཟུང་འབྲེལ་བྱེད་བཞིན་ཡོད་པས། གཤགས་བཅོས་དུས་ཚོད་ཐུང་བ་དང་རྨ་ཁ་ཆུང་བ གནོད་འཚེ་ཆུང་བ། བདེ་འཇགས་རང་བཞིན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན། 

3.jpg

ནོར་འཁྲུལ་བཞི་བ། སྐྱ་འགྲིབ་མིག་ནད་ཕོག་པར་ཟ་འཕྲུག་དང་ན་ཟུག་མེད་ཚེ་སྨན་བཅོས་བྱེད་མི་དགོས་སམ།

སྐྱ་འགྲིབ་མིག་ནད་ནི་ན་ཟུག་མེད་པའི་ངང་མིག་ཤེད་ཉམས་འགྲོ་བ་ཞིག་ཡིན་ལ། ནད་གཞི་ཇེ་ཆེར་འགྲོ་བའི་གོ་རིམ་ཁྲོད། དུས་ཐོག་ཏུ་སྨན་བཅོས་བྱེད་མ་ཐུབ་ཚེ།  ཚབས་ཆེ་རུ་འགྲོ་བའམ་ཡང་ན“སྨིན”དྲགས་པའི་སྐབས་སུ་སླེབས་ནས་མྱུར་ལངས་རང་བཞིན་གྱི་ལྗང་འགྲིབ་མིག་ནད་སློང་སྲིད། 

4.png


མཉམ་སྤྱོད།