དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐྱུ་རུ་ཉེར་ལྔའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-09-05 15:26:30   |   205

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

སྐྱུ་རུ་ཉེར་ལྔ།

སྐྱུ་རུ་སྲང་གང་ཞོ་ལྔ། བ་ཤ་ཀ་སྲང་གང་། པྲི་ཡང་ཀུ་སྲང་གང་། འུ་སུའི་ལོ་འབྲས་ཞོ་གསུམ། ཧོང་ལེན་ཞོ་གསུམ། བྲག་ཞུན་ཁཎ་ཊ་ཞོ་བདུན།  ཨུཏྤལ་མེ་ཏོག་ཞོ་བརྒྱད། སྤང་རྩིའི་རྩ་བ་ཞོ་ལྔ། གུར་ཀུམ་སྲང་གང་ཞོ་གསུམ།  ཙན་དན་དམར་པོ་སྲང་དོ། བཙོད་སྲང་གང་ཞོ་དོ། བ་ལེ་ཀ་ཞོ་དྲུག  རྒྱ་ཚོས་སྲང་གང་། པུ་ཤེལ་རྩེ་ཞོ་བརྒྱད། འབྲི་མོག་ཞོ་དྲུག  ལི་ག་དུར་ཞོ་བརྒྱད། སུམ་ཏིག་ཞོ་བརྒྱད། ཨ་རུ་སྲང་གང་ཞོ་ལྔ། བ་རུ་སྲང་གང་། གསེར་མེ་ཞོ་ལྔ། རུ་རྟ་ཞོ་བརྒྱད། མ་ནུ་སྲང་གང་། ཀཎ་ཌ་ཀ་རི་སྲང་གང་ཞོ་ལྔ། སྟར་ཁཎ་ཞོ་གང་། འགི་ཝང་སྐར་གཉིས་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

སྐྱུ་རུ་ཉེར་ལྔ་བཟི་མེད་ཅུང་ཟད་བསིལ། ཁྲག་འཁྲུགས་ཁྲག་ངན་ཚ་བ་སྟོད་རྒྱས་དང་། མཆིན་ཁྲག་སྨུག་པོ་རྒྱས་པས་རོ་སྟོད་གཟེར། བྲང་ཚ་ཆུ་སྐྱུར་མཁྲིས་པ་རྒྱ་བཤལ་དང་།  ཁྲག་རུལ་དུད་ཁུ་འཁྲུ་སྐྱུགས་ཕོ་མཆིན་ན། རོ་རྒྱབ་ཚིགས་གཟེར་ཁྲག་མཁྲིས་ཕོ་ལྷུང་དང་། སྨུག་རྒྱས་གབ་བྱེར་འཐབ་དང་འཁྲུགས་པ་དང་། རང་གཞན་གནས་ཞེན་རྙིང་དང་འདྲིལ་བ་དང་།  ཁྲག་འཁྲུགས་ཁྲག་ངན་གཅོག་པར་མཆོག་ཏུ་གྱུར།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།