དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཁྲུགས་གློ་ཀུན་སེལ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-09-11 10:01:29   |   143

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

འཁྲུགས་གློ་ཀུན་སེལ། 

ཨ་རུ་སྲང་གང་ཞོ་གསུམ།  བ་རུ་ཞོ་བརྒྱད། སྐྱུ་རུ་སྲང་གང་། མ་ནུ་ཞོ་བརྒྱད། རུ་རྟ་ཞོ་ལྔ། བ་ལེ་ཀ་ཞོ་བདུན། ཅུ་གང་སྲང་གང་།  རྒྱ་ཚོས་ཞོ་ལྔ།  བཙོད་ཞོ་བརྒྱད། འབྲི་མོག་སྲང་གང་། སྲོལ་ལོ་དཀར་པོ་སྲང་གང་། སྤང་རྩྭ་སྲང་གང་། ག་དུར་རྩ་བ་ཞོ་བདུན་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

འཁྲུགས་གློ་ཀུན་སེལ་བཟི་མེད་བསིལ་འབྲིང་འདིས། དྲག་ཤུལ་བརྡབ་ཆག་སྤྱོད་ལམ་རྐྱེན་དག་གིས། གློ་བ་བཙིར་རམ་ཚད་པ་འགྲམས་པ་ཡིས། དཔུང་པ་མཇིང་པའི་ཐལ་གོང་མནན་སྙམ་བྱེད། གློ་མང་རོ་རྒྱབ་ལྕི་ཞིང་དབུགས་མི་བདེ།  གྲེ་ནང་ཤུར་སྒྲ་ཐོན་ཞིང་གློ་ལུ་དཀའ། ལུད་པ་དམར་སེར་བྲང་དང་སྟོད་རྒྱབ་གཟེར། གཞན་ཡང་འཁྲུགས་རྒན་གློ་རོས་ལུད་པ་ལུ།  ཆམ་མཇུག་གློ་སོགས་ནད་ལ་ཕན་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།