དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲག་ཚད་བཅུ་ཐང་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-09-10 15:17:01   |   91

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

ཁྲག་ཚད་བཅུ་ཐང་།

ཨ་རུ་རུས་ལྡན་སྲང་གསུམ་ཞོ་ལྔ། བ་རུ་སྲང་གང་ཞོ་ལྔ།  སྐྱུ་རུ་སྲང་གསུམ།  མ་ནུ་སྲང་གསུམ། ཀཎྜ་ཀ་རི་སྲང་དྲུག  འབྲི་མོག་སྲང་དོ། རྒྱ་ཚོས་སྲང་གང་། སླེ་ཏྲེས་སྲང་བཞི། བཙོད་སྲང་གང་ཞོ་ལྔ། སྒ་སྐྱ་སྲང་གང་བཅས་གཙང་བཟོས་ཧྲོབ་བརྡུང་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

ཁྲག་ཚད་བཅུ་ཐང་བཟི་མེད་ནུས་པ་བསིལ། ཚ་བ་མ་སྨིན་བྱེར་དང་གབ་ཚད་དང་། ཁྲག་རླུང་ཤེད་མཐོ་གློ་བའི་ཁྲག་ཚད་ནད། མགོ་ལྕི་ཁ་ལྕེ་སྐམ་ལ་སྟོད་གཟེར་ཆེ། ཁྲག་འཁྲུགས་སྐད་འགག་ཁྲག་ཤེད་སྙོམས་པར་བྱེད། ཐུན་ཚད་ཞོ་རེ་ཐུན་གྲངས་སྐབས་དང་བསྟུན།


མཉམ་སྤྱོད།