དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

གླ་རྩི་ལྔ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-10-09 11:39:19   |   222

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

གླ་རྩི་ལྔ་པ།

ཨ་རུ་སྲང་དོ་ཞོ་ལྔ།  རུ་རྟ་སྲང་གང་།   ཤུ་དག་སྲང་གང་ཞོ་བརྒྱད།  སྨན་ཆེན་སྲང་གང་།  གུལ་ནག་ཞོ་གསུམ་སྐར་ལྔ།  གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིང་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

གླ་རྩི་ལྔ་པ་བཟི་ཆེ་བསིལ་དྲོད་སྙོམས།   གཉན་གླང་གག་ལྷོག་ཕོ་ལོང་རྒྱུ་སྲིན་ནད།   དྲེག་གྲུམ་ཆུ་སེར་གཉན་དང་བསྡོངས་ནས་སྐྲངས།   རྨ་དང་ཤུ་བ་སྲིན་ཐོར་པགས་ནད་དང་།   ཁོང་སྲིན་སོ་སྲིན་ལ་སོགས་གཉན་སྲིན་རིགས།   ཆུ་སེར་དཀར་ནག་གཉན་ཟུག་གཅོག་པ་དང་།  ཁྱད་པར་གཉན་རིམས་ལྷོག་པའི་ནད་ལ་ཕན།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།