རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།
གུར་གུམ་བདུན་པ།
གུར་གུམ་སྲང་དོ། ཅུ་གང་སྲང་གང་ཞོ་ལྔ། སུམ་ཏིག་སྲང་གང་ཞོ་ལྔ། ཨ་རུ་སྲང་དོ། མཚེ་གཞོན་སྲང་གང་ཞོ་ལྔ། བ་ལེ་ཀ་སྲང་གང་ཞོ་ལྔ། ཨུཏྤལ་སྔོན་པོ་སྲང་གང་ཞོ་ལྔ།(ཁ་ཚར་ཁ་གུར་ཞོ་དོ་སྐར་ལྔ)བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།
ཕན་ནུས།
གུར་གུམ་བདུན་པ་བཟི་མེད་བསིལ་འབྲིང་འདིས། བརྡབ་ཆག་རྐྱེན་གྱིས་མཆིན་བཙིར་མཆིན་ཁྲག་རྒྱས། ཟུག་ཆེ་རྩིབ་གཟེར་མིག་དམར་སྣ་ཁྲག་འཛག མཆིན་ནད་གསར་རྙིང་ཁྲག་མཁྲིས་ཚ་བར་ཕན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།