དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གོ་ཡུ་ཉེར་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-11-14 15:31:12   |   1015

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

གོ་ཡུ་ཉེར་བརྒྱད། 

གོ་ཡུ་དཀར་པོ་སྲང་གང་། སེ་འབྲུ་ཞོ་བརྒྱད། ཤིང་ཚྭ་ཞོ་བཞི། པི་ལིང་ཞོ་གསུམ། སུག་སྨེལ་ཞོ་གསུམ། སྒ་སྨུག་ཞོ་ལྔ། ཨ་རུ་སྲང་གང་། སྲ་འབྲས་ཞོ་བཞི། འཇམ་འབྲས་ཞོ་བཞི། ཨ་འབྲས་ཞོ་བཞི། མཁལ་ཞོ་ཞོ་ལྔ། གསེར་བྱེ་ཞོ་དོ། སྡིག་སྲིན་ཞོ་དོ། གཟེ་མ་ཞོ་ལྔ། སྒ་སེར་ཞོ་ལྔ། བྲེ་གའི་འབྲུ་ཞོ་ལྔ། གསེར་མེ་ཞོ་དོ། བྲག་ཁཎ་ཞོ་ལྔ། ཤུག་ཚེར་ཁཎྜ་ཞོ་དྲུག ཨུཏྤལ་སྔོན་པོ་ཞོ་ལྔ། བ་ཤ་ཀ་ཞོ་ལྔ། སྐྱེར་ཤུན་ཞོ་ལྔ། ལྕམ་འབྲུ་ཞོ་ལྔ། པྲི་ཡང་ཀུ་ཞོ་ལྔ། རྒྱ་ཚོས་ཞོ་ལྔ། བཙོད་ཞོ་ལྔ། ཞུ་མཁན་ཞོ་ལྔ། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

གོ་ཡུ་ཉེར་བརྒྱད་བཟི་མེད་དྲོད་འབྲིང་གིས། ཚད་རྙིང་སྨད་ལྷུང་གྲང་བར་སྡོམ་པ་ཡིས། འབྲས་བུ་སྐྲངས་ཤིང་མདོག་སྐྱ་རྣག་མི་ཁུག ཡང་ན་ཆུར་འཛུལ་བརླན་ཞིང་འཁྱགས་པ་ཡིས། མཁལ་མའི་དྲོད་ཤོར་མཁལ་གྲང་ནད་དག་གིས། ལུས་སྨད་དྲོད་ཆུང་གཅིན་པ་འབབ་པ་དཀའ། དཔྱི་རྐེད་ན་ཟུག་འཁོར་ཞིང་རྐང་པ་འདྲུད། དཀར་དམར་གྲང་བ་འཛག་དང་འབྲས་བུ་སྐྲངས། མཁལ་གཅོང་མཁལ་ནད་མ་ལུས་སེལ་བར་བྱེད། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།