དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

གམ་ཕྱེ་དམར་པོའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-11-15 09:17:06   |   255

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

གམ་ཕྱེ་དམར་པོ།

བྲག་ཞུན་ཞོ་ལྔ། ཤུག་ཚེར་ཁཎྜ་ཞོ་ལྔ། རྒྱ་ཚོས་སྲང་གང་ཞོ་དོ། བཙོད་སྲང་དོ། ཞུ་མཁན་སྲང་གང་། ཤུ་དག་སྲང་གང་ཞོ་གསུམ། སྨན་ཆེན་ཞོ་ལྔ། གླ་རྩི་སྐར་གཅིག་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

གམ་ཕྱེ་དམར་པོ་བཟི་ཆེ་བསིལ་འབྲིང་གིས། མཁལ་ཚད་ཁྲག་དང་སྡོང་པས་དཔྱི་མིག་དང་། མཁལ་མའི་སྣེ་ས་བརླ་སྒང་གཟེར་ཆེ་སྦིར། དྲེག་གྲུམ་གཉན་དང་སྡོང་པས་ཤ་རུས་འཁོལ། རིམས་ཚད་རྒྱུ་ལོང་ལ་བབས་དམར་བཤལ་ནད། ཁྱད་པར་མཁལ་འགྲམས་མཁལ་རྩར་གཉན་ཁ་རྒྱས། མཁལ་མའི་སུར་ཡ་བཅས་ལ་ཕན་པ་ཡིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།