དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གླང་ཆེན་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-11-18 14:24:15   |   754

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

གླང་ཆེན་བཅུ་གསུམ།

གུར་གུམ་སྲང་གང་། བ་ལེ་ཀ་སྲང་གང་ཞོ་ལྔ། རྒྱ་ཏིག་སུམ་ཏིག་སྲང་གང་། རུ་རྟ་སྲང་གང་། གསེར་མེ་ཞོ་གང་། ཨུཏྤལ་སྔོན་པོ་སྲང་གང་ཞོ་ལྔ། བ་ཤ་ཀ་སྲང་གང་། བྲག་ཞུན་ཞོ་གང་། གི་ཝང་སྐར་གཅིག མ་ནུ་སྲང་གང་། འུ་སུ་སྲང་གང་། སྟར་བུ་སྲང་གང་། པྲི་ཡང་ཀུ་སྲང་གང་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

གླང་ཆེན་བཅུ་གསུམ་བཟི་མེད་ཅུང་ཟད་བསིལ། མཆིན་པར་ཁྲག་རྒྱས་སྨུག་པོ་འཐབ་པ་དང་། གབ་འགྱིང་ལ་སོགས་སྨུག་པོའི་ནད་རིགས་སེལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།