དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མགོ་རླུང་མ་ནུ་བཅུ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-11-19 09:20:44   |   580

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

མགོ་རླུང་མ་ནུ་བཅུ་པ། 

མ་ནུ་སྲང་གང་། ཀཎྜ་ཀ་རི་སྲང་དོ། སླེ་ཏྲེས་སྲང་གང་། སྒ་སྐྱ་ཞོ་ལྔ། གསེར་མེ་ཞོ་ལྔ། སེ་མེ་སྲང་གང་ཞོ་ལྔ། ཨ་རུ་སྲང་གང་ཞོ་ལྔ། འབྲུག་རུས་ཞོ་བརྒྱད། སྔོ་སྒ་སྲང་གང་། རྒྱ་ཏིག་སྲང་གང་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

མ་ནུ་བཅུ་པ་བཟི་མེད་ཅུང་ཟད་འཇམ། མགོ་བོ་འཁོར་ཞིང་ལྟག་པར་ཟུག་གཟེར་ཆེ། ཞེ་མེར་ལངས་ནས་སྟོང་སྐྱུགས་བྱེད་པ་འཇོམས། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།