དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མགོ་རླུང་ཤིང་ཀུན་ལྔ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-11-21 09:30:26   |   562

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།


3.png

མགོ་རླུང་ཤིང་ཀུན་ལྔ་པ།

ཤིང་ཀུན་སྲང་གང་། སྒ་སྐྱ་ཞོ་བརྒྱད། ཛཱ་ཏི་སྲང་གང་། རྒྱམ་ཚྭ་ཞོ་གསུམ། གུ་གུལ་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

ཤིང་ཀུན་ལྔ་པ་བཟི་མེད་དྲོ་བ་འདིས། སྲོད་དང་ཐོ་རེངས་རུས་ཁུས་རྟ་བྱས་འཕུལ། ཤེས་པ་ཡང་འཕྱོ་མགོ་གཟེར་མགོ་ན་བ། མགོ་བོ་ཟི་འཁོར་རྣ་བ་འུར་ཁྲོག་སོགས། རླུང་གིས་བུས་པའི་མགོ་ནད་དྲུངས་ནས་འབྱིན། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།