དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གླ་རྩི་བཅུ་གསུམ་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-11-26 09:04:25   |   824

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

གླ་རྩི་བཅུ་གསུམ། 

གླ་རྩི་སྐར་ལྔ། ཨ་རུ་སྲང་གང་། དོམ་མཁྲིས་ཞོ་གང་། ཅུ་གང་ཞོ་གསུམ། གུར་གུམ་ཞོ་གསུམ། ལི་ཤི་ཞོ་གསུམ། སུག་སྨེལ་ཞོ་དོ། ཛཱ་ཏི་ཞོ་དོ། ཀོ་ལ་ཞོ་དོ། མ་ནུ་ཞོ་གསུམ། སླེ་ཏྲེས་ཞོ་གསུམ། ཀཎྜ་ཀ་རི་ཞོ་ལྔ། སྒ་སྐྱ་ཞོ་གང་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

གླ་རྩི་བཅུ་གསུམ་བཟི་མེད་བསིལ་དྲོད་སྙོམས། ཕྱེ་མ་འབྲོང་གཡག་ཁྲག་དང་ཆང་བཟང་པོ། ཕུལ་གང་སྦྱར་ལ་རིམ་བཞིན་ཐུན་གསུམ་བཏང་། དཔྱད་ལ་གཏར་བསྲེག་གང་འོས་རིག་པས་དཔྱོད། དེ་ཡིས་མགུལ་འགག་ནད་ལས་ཕལ་ཆེར་གྲོལ། ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།