དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གི་ཝང་བཅུ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-11-27 09:36:05   |   765

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

གི་ཝང་བཅུ་པ།

གི་ཝང་ཞོ་གཉིས།  སྦྲུལ་ཤ་ཞོ་གསུམ།  ཏན་ནན་ཤིང(དྭ་བའི་ཁཎྜ)ཞོ་གསུམ།  ཀོ་བྱི་ལ་དུག་བཏོན་ཞོ་ལྔ།  བྱིང་བྱིང་ཐུ་ལུ་ཞོ་བརྒྱད།  འབུ་དམར་ཞོ་བརྒྱད།  སྡིག་པ་སྲང་གང་།  ལྕ་བ་སྲང་གཉིས།  ཏང་སན(འཇིབ་རྩི་སྨུག་པོའི་རྩ་བ)སྲང་གཉིས།  ཏང་ཀུན་སྲང་གཉིས།

ཕན་ནུས། 

བྱིས་ནད་རྩ་ཧྲེང་གི་ཝང་བཅུ་པ་འདིས།  ཚ་བ་རྒྱས་དང་ཕོ་བ་རྒྱུ་མ་དང་།  དབུགས་ལམ་འབྱིན་རྔུབ་མི་བདེ་གདོང་མདོག་སྨུག  རིག་པ་མི་གསལ་བརྒྱལ་ཧྲེང་མིག་གྱེན་བལྟ།  ཤ་གནད་ན་ཞིང་རྐང་པ་འཕྱེས་པ་དང་།  ཞ་འཁུམས་མ་ཆགས་གོང་དང་ཆགས་རྗེས་སུའང་།  གསོ་དཀའི་ནད་ལ་ཕན་པ་མྱོང་གྲུབ་ཡིན།  འདི་ཉིད་རྩ་སྨན་རིགས་དང་སྦྲགས་ནས་གཏོང་།  རྩ་བྱུགས་བྱས་ཏེ་སྐབས་སྐབས་དྭངས་གནས་སོགས།  བཏང་ནས་ཟས་དང་སྤྱོད་ལམ་དོ་སྣང་གཟབ།  དུས་ཐོག་ཆུ་ལུམས་རྒྱས་བསྡུས་སོགས་ཀྱང་ཤིས།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།