དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དངུལ་ཆུ་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-11-28 08:41:37   |   862

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

དངུལ་ཆུ་བཅོ་བརྒྱད།

དངུལ་ཆུ་ཚ་འདུལ་ཞོ་གསུམ།  ཅུ་གང་སྲང་གང་ཞོ་ལྔ།  གུར་གུམ་སྲང་གང་ཞོ་དོ།  ལི་ཤི་ཞོ་དོ་སྐར་ལྔ།  ཛཱ་ཏི་ཞོ་དོ།  སུག་སྨེལ་ཞོ་གསུམ་སྐར་ལྔ།  ཀོ་ལ་ཞོ་དོ།  སྤོས་དཀར་ཞོ་ལྔ།  ཐལ་རྡོར་ཞོ་བདུན།  སོ་ར་ཞོ་བདུན།  གུལ་ནག་ཞོ་ལྔ།  ཨ་རུ་སྲང་དོ།  ཤིང་ཀུན་ཞོ་གང་།  ཤུ་དག་སྲང་གང་ཞོ་དོ།  སྟོད་ཇ་དཀར་པོ་ཞོ་བདུན།  སྨན་ཆེན་ཞོ་བརྒྱད།  སྔོ་སྟག་ཤ་ནག་པོ་སྲང་གང་།  གླ་རྩི་སྐར་ཕྱེད་གཉིས་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

དངུལ་ཆུ་བཅོ་བརྒྱད་བཟི་ཆེ་ཅུང་ཟད་བསིལ།  ཁྲག་ངན་ཆུ་སེར་རྙིང་ཞིང་ཞེན་པའི་ནད།  ཤ་ལྤགས་རྩ་རྒྱུས་རུས་ཚིགས་ལུས་ཀུན་ཁྱབ།  རུས་ཚིགས་ཤ་རུས་འཁོལ་ཞིང་རྩ་རྒྱུས་གྱོང་།  དགྱེ་དགུ་བྱེད་དཀའ་འགུལ་ན་ཟུག་གཟེར་ཆེ།  དཔྱི་རྐེད་བརླ་རྐང་ཡན་ལག་ཚིགས་གཞི་སྐྲངས།  ཁྱད་པར་ཆུ་སེར་ཤ་ལྤགས་འགྲམས་བྱེར་ནད།  ཤ་མདོག་དམར་སྨུག་སྔོ་ནག་པགས་པ་རྩུབ།  ཟ་ཕྲུག་ཆེ་ལ་འཕུར་ན་འབྲུམ་ཐོར་དོན།  ཚ་རེག་ཚ་འཁྱུག་བྱེད་ཅིང་ཆུ་སེར་འཛགས།  སྐྲ་དང་སྨིན་མ་བྱི་ཞིང་ལུས་ཀུན་སྐྲངས།  དྲེག་གྲུམ་ཆུ་སེར་གཉན་སྡོམ་འབམ་རྙིང་ནད།  རང་གནས་སྐེམས་དང་གཏིང་ནས་འདོན་པར་བྱེད།  སུར་ཡ་རྨ་འབྲས་མཛེ་ཤུ་ལ་ཡང་ཕན།  ཐུན་ཚན་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།