དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​སྔོ་སྦྱོར་བཅུ་པའི་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

2024-12-02 09:13:02   |   531

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  སྨན་སྦྱོར་རིག་པ་སྐོར་གྱི་རྒྱུན་ཤེས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


3.png

སྔོ་སྦྱོར་བཅུ་པ།

པྲི་ཡང་ཀུ་ཞོ་བདུན་སྐར་ལྔ།  ཁུར་རྩ་སྲང་དྲུག  སེ་རྒོད་བར་ཤུན་སྲང་བཞི་ཞོ་ལྔ།  སྟར་བུ་སྲང་གསུམ།  ཡུང་བ་སྲང་གང་ཞོ་ལྔ།  དྭ་བ་སྲང་གང་ཞོ་ལྔ།  ཤིང་ཚྭ་སྲང་གང་ཞོ་ལྔ།  སུག་སྨེལ་སྲང་གང་ཞོ་ལྔ།  ར་མཉེ་སྲང་གང་ཞོ་ལྔ།  སླེ་ཏྲེས་སྲང་གང་ཞོ་ལྔ་བཅས་གཙང་བཟོས་ཞིབ་བཏགས་སྐབས་བསྟུན་མངར་གསུམ་གྱིས་རིལ་བུ་བསྒྲིལ་ཏེ་གཏོང་དགོས།

ཕན་ནུས།

སྔོ་སྦྱོར་བཅུ་པ་བཟི་མེད་སྙོམས་པ་འདིས།  སྨུག་པོའི་ནད་རིགས་སྤྱི་དང་ཁྱད་པར་དུ།  བར་པ་འཐབ་པའི་དུས་ལ་གཏོང་བ་གཅེས།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།


མཉམ་སྤྱོད།